80549

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣམ་པ་རིག་བྱེད་མ་ཡིན་པའི་གཟུགས་ (1)
Part of speech མིང་ཚིག
Definition མདོ། མངོན་པ། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཀྱི་མཚན་ཉིད་ནི། བསྟན་དུ་མེད་ཅིང་ཐོགས་པ་མེད་པའི་གཟུགས་ཞེས་ཏེ། ཐོགས་བཅས་བཅུ་དང། གཟུགས་ཅན་མིན་པ་སེལ་བའོ། །མཚན་གཞི་ནི། གཡེང་བ་ཞེས་པའི་སྒྲ་དོན་དུ་མ་ལ་འཇུག་ཀྱང་འདིར་རང་ཀུན་ནས་སློང་བའི་སེམས་ལས་གཞན་པ་སྟེ། དགེ་བ་རིག་བྱེད་མིན་པའི་ཀུན་སློང་གི་སེམས་དགེ་བ་ཡིན་ཞིང་དེ་ལས་གཞན་པའི་སེམས་ཀྱི་རྗེས་སུ་ཡང་མ་བཏང་གི་བར་དུ་འཇུག་པའོ། །འདིས་ནི་རྒྱལ་པོ་སྲས་ལྟར་ན་རིག་བྱེད་ཙམ་དང། གང་སྤེལ་ལྟར་ན། ལུས་ཀྱི་རིག་བྱེད་ལས་ཁྱད་པར་དུ་བྱེད་ཅེས་སོ། །སེམས་མེད་པ་ཅེས་པས་སྙོམས་འཇུག་གཉིས་ལ་གནས་པའི་རྒྱུད་ཀྱི་རྗེས་སུ་ཡང་བྱེད་དོ། །འདིས་ནི་སེམས་དང་སེམས་བྱུང་ལས་ཁྱད་པར་དུ་བྱེད་དོ། །འདི་ནི་འདོད་པའི་རིག་བྱེད་མིན་པའི་དབང་དུ་བྱས་ཀྱི་མཉམ་གཞག་གི་ས་པ་གཉིས་ནི་སེམས་ཀྱི་རྗེས་འབྲང་ཡིན་པས་མ་ངེས་སོ། །ཡང་ཞེས་པས་ནི་མ་གཡེངས་པ་དང་སེམས་བཅས་ཀྱི་རྗེས་སུ་བྱེད་པ་སྟེ། འདིས་ནི་སེམས་དང་འགལ་བ་མེད་པར་སྟོན་ཏོ། །དགེ་དང་མི་དགེ་ཞེས་པས་ནི་སེམས་བྱུང་ལུང་མ་བསྟན་ནི་སྟོབས་ཆུང་བས་འདི་ཀུན་ནས་སློང་མི་ནུས་པའི་ཕྱིར་ན་ངོ་བོ་དགེ་མི་དགེ་གང་རུང་དུ་ངེས་པ་སྟེ། འདིས་མིག་ལ་སོགས་པ་སེལ་ཏོ། །རྗེས་འབྲེལ་གང་ཞེས་པ་ནི་རྒྱུན་མཆོག་ཏུ་བརྟན་པ་སྟེ། གཡེང་བ་ལ་སོགས་པའི་གནས་སྐབས་ན་ཡང་རྒྱུན་མ་ཆད་པའོ། །འདིས་ནི་རིག་བྱེད་ཙམ་མམ་ངག་གི་རིག་བྱེད་ལས་ཁྱད་པར་དུ་བྱེད་དོ། །འབྱུང་བ་ཆེ་རྣམས་ཞེས་པས། སྐྱེ་བྱེད། རྟེན། གནས། བརྟེན་པ། འཕེལ་བའི་ཚུལ་གྱིས་རྒྱུར་བྱས་པ་སྟེ། འདིས་ཐོབ་པའི་རྒྱུན་སེལ་ཏོ། །ཁྱད་པར་དྲུག་ལྡན་ནི་རྣམ་པར་རིག་བྱེད་མིན་པར་བརྗོད་ཅེས་པ་ནི་སློབ་དཔོན་གྱི་བཞེད་པ་སྟོན་པའོ། །སྒྲ་དོན་ནི་རིག་བྱེད་ལྟར་རང་ཀུན་ནས་སློང་བའི་སེམས་གཞན་ལ་རིག་པར་མི་བྱེད་པས་རིག་བྱེད་མ་ཡིན་པའོ་ཞེས་ཀུན་མཁྱེན་གོ་རམས་པའི་ངོ་མཚར་སུམ་ལྡན་ལས་སོ། ། རྣམ་པར་རིག་བྱེད་མིན་པའི་གཟུགས་ནི་བྱེ་བྲག་ཏུ་སྨྲ་བས་གཟུགས་མཚན་ཉིད་པར་འདོད་ཅིང་དེའི་མཚན་ཉིད་ནི་གནས་སྐབས་ཀྱི་ཁྱད་པར་ཡིད་གཞན་དུ་གཡེངས་མ་གཡེངས་དང། སེམས་ཡོད་མེད་ཀྱི་གནས་སྐབས་ཀུན་ཏུ་ཡོད་པ། ངོ་བོའི་ཁྱད་པར་དགེ་མི་དགེ་གང་རུང་དུ་ངེས་པ། རྒྱུན་གྱི་ཁྱད་པར་རྒྱུན་རྗེས་སུ་འབྲེལ་བ། རྒྱུའི་ཁྱད་པར་འབྱུང་བ་བཞི་པོ་རྒྱུར་བྱས་པ་སྟེ་ཁྱད་པར་བཞི་ལྡན་དུ་འདོད་དོ། །མདོ་སྡེ་པ་ཡན་ཆད་ཀྱིས་ནི་ལུས་ངག་གི་རྣམ་པར་རིག་བྱེད་དང། ཏིང་ངེ་འཛིན་གང་རུང་ལས་བྱུང་བ་རང་གི་ངོ་བོ་ཀུན་སློང་རྣམ་པར་རིག་པར་མི་བྱེད་པའི་ལུས་ངག་གི་ལས་སུ་གྱུར་པའི་སེམས་བྱུང་སེམས་པ་ལ་འདོད་དོ་ཞེས་ཀུན་མཁྱེན་གོ་རམས་པའི་ཇི་སྙེད་ཤེས་བྱའི་སྒོ་འབྱེད་ལས་སོ། ། དབྱེ་ན། སྡོམ་པ། སྡོམ་པ་མ་ཡིན་པ། བར་མ་དང་གསུམ་མོ་ཞེས་པཎ་ཆེན་ངག་ཆོས་ཀྱི་ཆོས་མངོན་པ་མཛོད་ཀྱི་སྤྱི་དོན་ལས་སོ། །
Domain ཆོས་ལུགས།

{{#arraymap:རྣམ་པ་རིག་བྱེད་མ་ཡིན་པའི་གཟུགས་

|; |@@@ | | }}