80730

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣམ་པར་ཤེས་པ་ (1)
Part of speech མིང་ཚིག
Definition མདོ། མངོན་པ། ཡུལ་གྱི་ངོ་བོ་རྣམ་པར་རིག་ཅིང་ཤེས་པར་བྱེད་ཅིང༌། རང་གི་དམིགས་པའི་ངོ་བོ་སོ་སོར་རྟོག་པའི་བདག་ཉིད་ཅན་གྱི་སེམས་ཏེ། མིག་གི་རྣམ་པར་ཤེས་པ་ནས་ཡིད་ཀྱི་རྣམ་པར་ཤེས་པའི་བར་གྱི་རྣམ་ཤེས་ཚོགས་དྲུག་ཏེ། བྱེ་བྲག་སྨྲ་བ། ངེས་ཚིག མཆིམས་མཛོད་ལས། དམིགས་པ་རྣམ་པར་ཤེས་པས་ན་རྣམ་ཤེས། ཞེས་གསུངས། མཚན་ཉིད། སེར་སྨད་རྒྱལ་དབང་མཛོད་ལས། དེ་ལ་རྣམ་པར་ཤེས་པ་ཆོས་ཅན། ཁྱོད་ཀྱི་མཚན་ཉིད་བཞག་ཏུ་ཡོད་དེ། རང་ཡུལ་གྱི་ངོ་བོ་རང་སྟོབས་ཀྱིས་སོ་སོར་རྣམ་པར་རིག་པའི་ཤེས་པ་དེ་དེ་ཡིན་པའི་ཕྱིར། དབྱེ་ན། མིག་གི་རྣམ་ཤེས་ལ་སོགས་པ་དྲུག་དང༌། ཁམས་ཀྱི་སྒོ་ནས་བདུན་དུའང་ཡོད་དེ། དྲུག་པོ་དེའི་སྟེང་དུ་ཡིད་ཀྱི་ཁམས་བསྣན་ཏེ་འཇོག་པའི་ཕྱིར། ཞེས་གསུངས། དོན་གཅིག་ལ། རྣམ་ཤེས། རྣམ་ཤེས་ཀྱི་ཕུང་པོ། སེམས། སེམས་ཀྱི་གཞི། ཡིད། ཡིད་ཀྱི་སྐྱེ་མཆེད། ཡིད་ཁམས་རྣམས་སོ། །
Domain ཆོས་ལུགས།

{{#arraymap:རྣམ་པར་ཤེས་པ་

|; |@@@ | | }}

རྣམ་པར་ཤེས་པ་ (2)
Part of speech མིང་ཚིག
Definition མདོ་སྡེ་པ། མཆིམས་མཛོད་ལས། མདོ་སྡེ་པ་ནི་དགེ་མི་དགེའི་བག་ཆགས་བསགས་པས་ན་སེམས་དང༌། རྟེན་དུ་གྱུར་པས་ན་ཡིད་དང༌། བརྟེན་པར་གྱུར་པས་ན་རྣམ་པར་ཤེས་པ་དང༌། དེ་བཞིན་དུ་མ་འོངས་པ་ནི་སེམས་དང་། འདས་པ་ནི་ཡིད་དང༌། ད་ལྟ་བྱུང་བ་ནི་རྣམ་པར་ཤེས་པ་དང༌། ཁམས་(བསྟན་པར་སེམས་ཀྱི་ཁམས་བདུན་)དང་སྐྱེ་མཆེད་བསྟན་པར་ཡིད་ཀྱི་སྐྱེ་མཆེད་དང༌། ཕུང་པོ་བསྟན་པར་རྣམ་པར་ཤེས་པའི་ཕུང་པོ་ཞེས་གསུངས་སོ། །དེའི་ཕྱིར་མཁས་པ་དག་བྱེད་པ་གསུམ་དང༌། དུས་གསུམ་དང༌། བསྟན་པ་གསུམ་གྱི་དབང་གིས་སོ་ཞེས་འཆད་དོ། །ཞེས་གསུངས། དོན་གཅིག་ལ། རྣམ་ཤེས། རྣམ་ཤེས་ཀྱི་ཕུང་པོ། སེམས། སེམས་ཀྱི་གཞི། ཡིད། ཡིད་ཀྱི་སྐྱེ་མཆེད། ཡིད་ཁམས་རྣམས་སོ། །

{{#arraymap:རྣམ་པར་ཤེས་པ་

|; |@@@ | | }}

རྣམ་པར་ཤེས་པ་ (3)
Part of speech མིང་ཚིག
Definition སེམས་ཙམ་པ། མཆིམས་མཛོད་ལས། རྣམ་འབྱོར་སྤྱོད་པ་བ་ནི་སེམས་ནི་ཀུན་གཞི་རྣམ་ཤེས་དང༌། ཡིད་ནི་ཉོན་ཡིད་དང༌། རྣམ་ཤེས་ནི་འཇུག་པའི་རྣམ་ཤེས་ལ་འདོད་དོ། །འཐུག་པོ་བཀོད་པའི་མདོ་ལས། སེམས་ནི་ཀུན་གཞི་རྣམ་ཤེས་ཏེ། །དེ་ལ་ངར་འཛིན་ཡིད་ཡིན་ནོ། །ཡུལ་ལ་རྣམ་པར་རིག་པ་གང༌། །དེ་ནི་འཇུག་པའི་རྣམ་ཤེས་འདོད། །ཅེས་གསུངས་པའི་ཕྱིར་རོ། །ཞེས་གསུངས།

{{#arraymap:རྣམ་པར་ཤེས་པ་

|; |@@@ | | }}

རྣམ་པར་ཤེས་པ་ (4)
Part of speech མིང་ཚིག
Definition བར་དོའི་ཡིད་ལུས་ཏེ།
Example རྣམ་ཤེས་གྱེན་སྤོར། རྣམ་ཤེས་འགུགས་པ། རྣམ་ཤེས་མར་འབེབས་ཞེས་པ་ལྟ་བུ།

{{#arraymap:རྣམ་པར་ཤེས་པ་

|; |@@@ | | }}