80876

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣམ་རབ་དྭགས་པོ་བཤད་གྲྭ་ (1)
Part of speech མིང་ཚིག
Definition དྭགས་པོ་གྲྭ་ཚང་གི་བཤད་གྲྭ་ནི། ཐོག་མར་དབུས་ཀྱི་གདན་ས་དྲུག་གི་ཡ་གྱལ་གསང་ཕུ་ནེའུ་ཐོག་གི་ཆོས་གྲྭར་གསང་ཕུ་མཐོང་སྨོན་གྲྭ་ཚང་ཆགས་ཤིང་། གྲྭ་ཚང་དེ་ཉིད་མཁས་དབང་འཇམ་དབྱངས་དཀོན་མཆོག་བཟང་པོ་དང་། རྗེ་ཤེས་རབ་སེང་གེ རྒྱལ་བ་དགེ་འདུན་གྲུབ། པཎ་ཆེན་བཀྲ་ཤིས་རྣམ་རྒྱལ་སོགས་ནས་ཕར་ཚད་བསྡུས་གསུམ་ལ་འཆད་ཉན་གྱིས་བསྐྱངས། བར་དུ་ཉམས་རྒུད་བྱུང་བ་ལས་སླར་དྭགས་པོ་བཀྲ་ཤིས་རྣམ་རྒྱལ་བྱོན་ཏེ། གྲྭ་ཚང་འདི་ཉིད་གསང་ཕུའི་བཤད་རྒྱུན་ཐོག་རང་ལུགས་ས་སྐྱ་པའི་གྲགས་ཆེན་བཅོ་བརྒྱད་འཆད་རྒྱུན་འཛུགས་པར་མཛད་པ་དང་། འདི་ནས་བྱོན་པའི་སྐྱེས་མཆོག་དམ་པ་མང་པོ། ཤེལ་དཀར་ཆོས་སྡེ། བྱམས་ཆེན་ཆོས་སྡེ། མངོན་དགའ་ཆོས་སྡེ། རྟ་ནག་ཐུབ་བསྟན། ཨ་མདོ་དྷི་ཕུ་དགོན་སོགས་ལ་མཁན་པོ་ཕེབས་སྲོལ་བྱུང། དེ་རྗེས་རྣམ་རབ་མཐོང་སྨོན་དྭགས་པོ་གྲྭ་ཚང་དུ་མཚན་ཉིད་ཀྱི་བཤད་གྲྭ་དར་ཁྱབ་ཆེན་པོ་བྱུང་བས་བསྡུས་ཆུང་དང་བསྡུས་ཆེན། བཀའ་བཅུ་པ། རབ་འབྱམས་པ། གསང་ཕུའི་དྲུང་ཆེན་དང་། མཁན་ཆེན། ཞབས་དྲུང་ངམ་ཆོས་རྗེ་ཞེས་མཚན་གནས་ཐོབ་པའི་མཁས་པའང་མང་དུ་བྱོན། འདི་ནས་བྱོན་པའི་མཁན་རབས་བསོད་ནམས་རྒྱ་མཚོ་དང་། རབ་འབྱམས་པ་བསྟན་པ་རྒྱ་མཚོ། མཁན་ཆེན་འཇམ་དབྱངས་བསོད་ནམས། ཞབས་དྲུང་ངག་དབང་ལྷུན་གྲུབ། དྲུང་ཆེན་འཕྲིན་ལས་སྐལ་བཟང། གཟིམ་འོག་བསྟན་འཛིན་སྙན་གྲགས། ཞབས་དྲུང་སྐལ་བཟང་རྒྱལ་མཚན་སོགས་ཀྱིས་ཐ་ར་དང་ཐོ་ཆོས་ཞེས་པ་ཆོས་ཀྱི་དུས་ཆེན་དང་། རྣམ་རབ་བཅོ་ལྔ་མཆོད་པ། གསང་ཕུ་དབྱར་ཆོས་སྐབས་གཞུང་ཆེན་ཁག་ལ་དམ་བཅའ་དང་བགྲོ་གླེང་མཛད་དེ་གཞུང་ལུགས་འཆད་ཉན་རྒྱ་ཆེན་པོ་བྱུང་། ཕྱིས་སུ་སྐྱབས་རྗེ་ཞབས་དྲུང་རིན་པོ་ཆེ་མཆོག་དང་ལྷན་རྒྱས་ཁང་བཤད་གྲྭ་ཟུར་འཛུགས་སྐོར་བཀའ་གྲོས་གནང་བ་དང་། སྐབས་དེར་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་གནས་འདིར་བྱོན་དུས་བཤད་གྲྭ་ཆགས་ཡུལ་ལུང་བསྟན་མཛད་པར་བཤད་གྲྭ་གསར་བཞེངས་ཀྱིས། མཁན་ཆེན་ངག་བློ་རིན་པོ་ཆེ་གདན་དྲངས་ཏེ། གཞུང་ཆེན་བཅུ་གསུམ་དང་། དབང་ལུང་མན་ངག་གི་ཟབ་ཆོས་ལོ་བཅུ་ཙམ་རིང་འཆད་སྤེལ་མཛད་དེ་བཤད་སྒྲུབ་བསྟན་པའི་རྒྱུན་བསྐྱངས། བཤད་གྲྭ་འདི་ནས་བྱོན་པའི་ཞབས་དྲུང་ཀུན་དགའ་གྲགས་འཛིན་གྱིས་མཛད་པའི་བསྡུས་གྲྭའི་སྡོམ་ཚིག་ལ། མཁན་ཆེན་ལུང་རིགས་དཔལ་འབར་གྱིས་འགྲེལ་པ་མཛད་པའི་བསྡུས་གྲྭའི་གཞུང་ལ་ས་སྐྱའི་བསྡུས་གྲྭ་ཞེས་ཡོངས་སུ་གྲགས་པ་དང་། ཨ་མདོ་དྷཱི་ཕུ་དགོན་སོགས་ས་ལུགས་དགོན་སྡེ་མང་པོར་དར་ཁྱབ་བྱུང་། འཇམ་དབྱངས་མཁྱེན་བརྩེ་དབང་པོས་ཀྱང་ས་སྐྱ་པའི་མདོ་ཕྱོགས་ཀྱི་གཞུང་ཆེན་འཆད་ཉན་གྱི་གྲྭ་ས་ཆེན་པོ་ཞེས་བསྔགས་བརྗོད་མཛད་ཡོད་ལ། གདོང་ཐོག་སྤྲུལ་སྐུས་ས་སྐྱའི་ཆོས་འབྱུང་ནང་དབུས་ཕྱོགས་ཀྱི་ས་སྐྱའི་བཤད་གྲྭ་གྲགས་ཅན་དུ་བགྲངས་ཡོད། དུས་འགྱུར་དང་རིག་གསར་སྐབས་ནས་ཉམས་རྒུད་དུ་སོང་སྟེ་ལོ་རྒྱུས་ཙམ་དུ་ལུས་པ་བཅས་སོ།།

{{#arraymap:རྣམ་རབ་དྭགས་པོ་བཤད་གྲྭ་

|; |@@@ | | }}