80916

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣམ་རྫོགས་སྦྱོར་བ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། མཚན་ཉིད་ནི། མཁྱེན་གསུམ་ཐོས་བསམ་གྱིས་གཏན་ལ་ཕབ་པའི་དོན་རྣམ་པར་བསྡུས་ནས་སྒོམ་པའི་སེམས་དཔའི་རྣལ་འབྱོར་རོ། །ས་མཚམས་ནི། ཐེག་ཆེན་གྱི་ཚོགས་ལམ་ནས་ས་བཅུའི་རྒྱུན་མཐའི་བར་ན་ཡོད། བསྒོམ་བྱའི་སྒོ་ནས་དབྱེ་ན། ཐེག་ཆེན་གཞི་ཤེས་ཀྱི་སྦྱོར་བ། ལམ་ཤེས་ཀྱི་སྦྱོར་བ། རྣམ་མཁྱེན་གྱི་སྦྱོར་བ་དང་གསུམ། ཡུལ་ལ་སྤྲོས་པ་གཅོད་ཚུལ་དང་ཡོན་ཏན་གྱི་སྒོ་ནས་དབྱེ་ན། མི་གནས་པའི་སྦྱོར་བ་སོགས་ཉི་ཤུ། རྟོགས་པ་བསྐྱེད་ཚུལ་གྱི་སྒོ་ནས་དབྱེ་ན། རྣམ་རྫོགས་སྦྱོར་བ། རྩེ་མོའི་སྦྱོར་བ། མཐར་གྱིས་པའི་སྦྱོར་བ། སྐད་གཅིག་མའི་སྦྱོར་བ་དང་བཞི། མཚོན་བྱེད་ཆོས་ཀྱི་སྒོ་ནས་དབྱེ་ན། བསྒོམ་བྱའི་རྣམ་པ། ཞར་བྱུང་སྒོམ་པ་པོའི་གང་ཟག ཡུལ་ཅན་སྦྱོར་བ། སྦྱོར་བའི་ཡོན་ཏན། སྦྱོར་བའི་སྐྱོན། སྦྱོར་བའི་མཚན་ཉིད། ཐར་པ་ཆ་མཐུན། ངེས་འབྱེད་ཆ་མཐུན། རྟེན་ཕྱིར་མི་ལྡོག་པའི་གང་ཟག། སྲིད་ཞི་མཉམ་ཉིད། ཞིང་དག་སྦྱོར་བ། ཐབས་ལ་མཁས་པའི་སྦྱོར་བ་དང་བཅུ་གཅིག་གོ་ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་རབ་གསལ་ལས་སོ། ། བྱང་སེམས་ཚོགས་ལམ་པའི་ཏིང་ངེ་འཛིན་དེ། རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པའི་སྦྱོར་བ་ཡིན་ཏེ། རྣམ་མཁྱེན་ཡིད་བྱེད་དང་ལྡན་པས་ཐམས་ཅད་མཁྱེན་པ་ཉིད་གསུམ་བསྒོམ་པར་བྱེད་པའི་རྣལ་འབྱོར་ཡིན་པའི་ཕྱིར། བསྒོམ་ཞེས་དྲང་ངོ་། །གང་ན་ཐམས་ཅད་མཁྱེན་པ་ཉིད་གསུམ་ཐོས་བསམ་གྱིས་ཡོངས་སུ་ཤེས་པ་ནིའོ། །དགོས་པ་དབང་དུ་བྱ་བའི་ཕྱིར་དུའོ། །ཚུལ་ནི་སྔར་ཐོས་བསམ་གྱིས་ཡུལ་དུ་བྱས་པར་མ་ཟད་ཡང་རྣམ་པ་ཐམས་ཅད་དང་ལམ་དང་གཞི་ཤེས་པ་བསྡུ་བའི་སྒོ་ནས་སོ། །བསྡུས་པའི་དོན་སྔར་མཁྱེན་གསུམ་མཚན་ཉིད་ཀྱི་སྒོ་ནས་བསྟན་ནས་འདིར་རྣམ་པར་བསྡུས་པ་ཡིན་ཏེ། མཁྱེན་པ་གསུམ་ནི་རྣམ་པའི་སྒོ་ནས་བསྒོམ་པར་བྱ་བ་ཡིན་པའི་ཕྱིར་ཞེས་ ཀུན་མཁྱེན་རོང་སྟོན་གྱི་རྣམ་བཤད་ཚིག་དོན་རབ་གསལ་ལས་སོ། །
Domain ཆོས་ལུགས།

{{#arraymap:རྣམ་རྫོགས་སྦྱོར་བ་

|; |@@@ | | }}

རྣམ་རྫོགས་སྦྱོར་བ་ (2)
Part of speech མིང་ཚིག
Definition པཎ་ཆེན་ཤཱཀ་མཆོག་གི་རྒྱན་འགྲེལ་ལུང་དོན་རྒྱ་མཚོ་ལས། མཁྱེན་གསུམ་ཐོས་བསམ་གྱིས་ཤེས་པའི་དོན་ལ་དབང་ཐོབ་ཕྱིར་དུ་བསྒོམ་པའི་སེམས་དཔའི་རྣལ་འབྱོར་དེ། རྣམ་རྫོགས་སྦྱོར་བའི་མཚན་ཉིད། དེ་ལ་དབྱེ་ན། ཚོགས་ལམ་གྱི་རྣམ་རྫོགས་སྦྱོར་དང། སྦྱོར་ལམ་གྱི་རྣམ་རྫོགས་སྦྱོར་བ་གཉིས་སོ། །

{{#arraymap:རྣམ་རྫོགས་སྦྱོར་བ་

|; |@@@ | | }}

རྣམ་རྫོགས་སྦྱོར་བ་ (3)
Part of speech མིང་ཚིག
Definition མཁྱེན་གསུམ་གྱི་རྣམ་པ་བསྡུས་ནས་སྒོམ་པར་བྱེད་པའི་ཤེས་རབ་ཀྱིས་ཟིན་པའི་སེམས་དཔའི་རྣལ་འབྱོར་དུ་དམིགས་པ། རྣམ་རྫོགས་སྦྱོར་བའི་མཚན་ཉིད། དེ་ལ་རྒྱས་པར་དབྱེ་ན། བརྒྱ་དང་བདུན་ཅུ་རྩ་གསུམ་ཡོད་དེ། གཞི་ཤེས་ཀྱི་རྣམ་པ་སྒོམ་པར་བྱེད་པའི་རྣམ་རྫོགས་སྦྱོར་བ་ཉེར་བདུན། ལམ་ཤེས་ཀྱི་རྣམ་པ་སྒོམ་པར་བྱེད་པའི་རྣམ་རྫོགས་སྦྱོར་བ་སུམ་ཅུ་རྩ་དྲུག། རྣམ་མཁྱེན་གྱི་རྣམ་པ་སྒོམ་པར་བྱེད་པའི་རྣམ་རྫོགས་སྦྱོར་བ་བརྒྱ་དང་བཅུ་རྣམས་སུ་ཡོད་པའི་ཕྱིར། བསྡུ་ན། གསུམ་དུ་འདུ་སྟེ། གཞི་ཤེས་ཀྱི་དེ། ལམ་ཤེས་ཀྱི་དེ། རྣམ་མཁྱེན་གྱི་དེ་དང་གསུམ་མོ། །ས་མཚམས། ཐེག་ཆེན་གྱི་ཚོགས་ལམ་ནས་རྒྱུན་མཐའི་བར་ན་ཡོད།

{{#arraymap:རྣམ་རྫོགས་སྦྱོར་བ་

|; |@@@ | | }}

རྣམ་རྫོགས་སྦྱོར་བ་ (4)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། རང་རྒྱུད་པ། མངོན་རྟོགས་བརྒྱད་ཀྱི་ནང་གསེས་ཞིག མཁྱེན་པ་གསུམ་གྱི་རྣམ་པ་རྫོགས་པར་སྒོམ་པའི་སྦྱོར་བ་ཞིག་ལ་རྣམ་རྫོགས་སྦྱོར་བ་ཞེས་འཇོག དེ་མཚོན་བྱེད་ཀྱི་ཆོས་བཅུ་གཅིག་ཡོད་དེ། བསྒོམ་བྱའི་རྣམ་པ། སྒོམ་བྱེད་ཀྱི་སྦྱོར་བ། སྦྱོར་བའི་ཡོན་ཏན། སྦྱོར་བའི་སྐྱོན། སྦྱོར་བའི་མཚན་ཉིད། ཐེག་ཆེན་ཐར་པ་ཆ་མཐུན། ཐེག་ཆེན་གྱི་ངེས་འབྱེད་ཆ་མཐུན། སློབ་པ་ཕྱིར་མི་ལྡོག་པའི་དགེ་འདུན། སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བ། ཞིང་དག་སྦྱོར་བ། ཐབས་མཁས་སྦྱོར་བ་སྟེ་བཅུ་གཅིག་ཡོད། མཚན་ཉིད་ནི། པཎ་ཆེན་ཕར་ཕྱིན་མཐའ་དཔྱོད་ལས། རང་ལུགས། མཁྱེན་གསུམ་གྱི་རྣམ་པ་སྒོམ་པའི་ཤེས་རབ་ཀྱིས་ཟིན་པའི་སེམས་དཔའི་རྣལ་འབྱོར། རྣམ་རྫོགས་སྦྱོར་བའི་མཚན་ཉིད། དབྱེ་ན། བརྒྱ་བདུན་ཅུ་རྩ་གསུམ། ས་མཚམས་ཐེག་ཆེན་ཚོགས་ལམ་ནས་རྒྱུན་མཐའི་བར་དུ་ཡོད། ཅེས་གསུངས་སོ། །
Domain ཆོས་ལུགས།

{{#arraymap:རྣམ་རྫོགས་སྦྱོར་བ་

|; |@@@ | | }}

རྣམ་རྫོགས་སྦྱོར་བ་ (5)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། ཇོ་ནང་། ཕར་ཕྱིན་ཉ་ཊཱིཀ་ལས། དེས་ན་མཚན་ཉིད། མཚོན་བྱ། གཞིི་གསུམ་ལས། དང་བོ་ནི། མཁྱེན་པ་གསུམ་ལ་དབང་གྱུར་ཐོབ་པའི་ཕྱིར་དུ་མཁྱེན་གསུམ་བསྡུས་ནས་སྒོམ་པའི་བྱང་ཆུབ་སེམས་དཔའི་སྦྱོར་བ་སྟེ་ཐམས་ཅད་མཁྱེན་པ་ཉིད་གསུམ་ཡོངས་སུ་ཤེས་པ་ནི་ཞེས་སོགས་དང་ཐམས་ཅད་མཁྱེན་པ་ཉིད་གསུམ་པོ་འདི་ཉིད་གཅིག་ཏུ་བྱས་པའི་བདག་ཉིད་ནི་རྣམ་ཀུན་མངོན་རྟོགས་ཞེས་སོ། །གཉིས་པ་ནི། རྣམ་པ་ནི་བྱེ་བྲག་སྟེ་སངས་རྒྱས་ཀྱི་ས་ལ་སོགས་པ་ལ་ཆོས་ཀྱི་བྱེ་བྲག་ཇི་སྙེད་ཡོད་པ་ཀུན་སྟོན་པའོ། །ཀུན་ནི་མཁྱེན་པ་གསུམ་ཅར་གྱིའོ། །མངོན་པར་ནི་མངོན་དུ་ཕྱོགས་ཏེའམ་སམ་ནི་རྫོགས་པར་རམ་ཡང་ན་ཡང་དག་པར་རོ། །རྟོགས་པ་ནི་བསྒོམས་པས་ཁོང་དུ་ཆུད་པའོ། །ཞེས་ཆོས་བཤེས་སོ། །མདོར་ན་མཁྱེན་པ་གསུམ་ཅར་གྱི་བྱེ་བྲག་གམ་རྣམ་པ་ལ་མངོན་དུ་ཕྱོགས་པས་ཡོངས་སུ་རྫོགས་པའམ་ཡང་དག་པར་རྟོགས་པའི་རྣལ་འབྱོར་ཞིག་གོ་ཞེས་པའོ། །གསུམ་པ་ནི། ཐེག་ཆེན་སློབ་ལམ་བཞིའམ་སྦྱོར་བ་ཉི་ཤུའོ། །ཆོས་རྗེ་ཀུན་མཁྱེན་དོལ་པོ་བའི་ཕར་ཕྱིན་མདོ་ལུགས་མའི་དོན་ཁོལ་བུར་ཕྱུང་ལས། བཞི་བ་རྣམ་རྫོགས་ལ་གསུམ་ལས། མཚན་ཉིད་ནི། སྤྱིར་འདིར་སྨོས་སྦྱོར་བ་ཙམ་ནི་མཁྱེན་གསུམ་ཐོས་བསམ་གྱི་ཤེས་པའི་དོན་བསྡུས་ཏེ་སྒོམ་པ་ཡིན་པ་ལ། ཁྱད་པར་རྣམ་ཀུན་ནི། མཁྱེན་གསུམ་གྱི་རྣམ་པ་བསྡུས་ནས་སྒོམ་པ་གང་ཞིག་དབང་དུ་བྱེད་པའི་སྦྱོར་བའོ། །དབྱེ་བ་ནི་ལམ་ལྔའོ། །མཚན་ཉིད་པ་དང་བཏགས་པ་བ་གཉིས་སོ། །ས་མཚམས་ནི། རྟག་པར་སྦྱོར་བ་ནི། ཚོགས་ལམ་ནས་རྒྱུན་མཐའི་བར་ན་ཡོད་ཅིང་། རྣམ་རྫོགས་དངོས་ནི། སངས་རྒྱས་ཀྱི་ས་ན་ཡོད་དོ། །
Domain ཆོས་ལུགས།

{{#arraymap:རྣམ་རྫོགས་སྦྱོར་བ་

|; |@@@ | | }}

རྣམ་རྫོགས་སྦྱོར་བ་ (6)
Part of speech མིང་ཚིག
Definition མཁྱེན་གསུམ་གྱི་རྣམ་པ་བསྡུས་ནས་བསྒོམ་པའི་སེམས་དཔའི་རྣལ་འབྱོར་དེའོ། །གཉིས་པ་ལ་རྒྱས་པར་དབྱེ་ན། མཁྱེན་གསུམ་གྱི་རྣམ་པ་བརྒྱ་དང་བདུན་ཅུ་རྩ་གསུམ་བསྒོམ་པའི་རྣམ་རྫོགས་སྦྱོར་བ་བརྒྱ་དང་བདུན་ཅུ་རྩ་གསུམ། སྡུ་ན་བྱང་སེམས་ཀྱི་སྦྱོར་བ་ཉི་ཤུ། དེ་སྡུ་ན། རང་བཞིན་གྱི་སྦྱོར་པ་ལྔར་འདུའོ། །ས་མཚམས་ནི། བྱང་སེམས་ཀྱི་ཚོགས་ལམ་ནས་རྒྱུན་མཐའི་བར་ན་ཡོད། བྱེད་ལས་ནི། རྣམ་རྫོགས་སྦྱོར་བ་སྟེ་བྱེད་ལས་ཁྱད་པར་ཅན་དང་ལྡན་ཏེ། ཞི་ལྷག་ཟུང་འབྲེལ་གྱི་རྣལ་འབྱོར་ལ་བརྟེན་ནས་མཁྱེན་གསུམ་གྱི་རྣམ་པ་མ་ལུས་པར་སྒོམ་པས་མཁྱེན་གསུམ་གྱི་རྣམ་པའི་ལོགས་ཞུགས་བརྒྱ་དང་བདུན་ཅུ་རྩ་གསུམ་ལ་སོགས་པ་མི་མཐུན་ཕྱོགས་མཐའ་དག་བཅོམ་སྟེ། ཀུན་མཁྱེན་གསུམ་གྱི་གོ་འཕངས་མྱུར་དུ་སྩོལ་བར་མཛད་པའི་ཕྱིར། །

{{#arraymap:རྣམ་རྫོགས་སྦྱོར་བ་

|; |@@@ | | }}

རྣམ་རྫོགས་སྦྱོར་བ་ (7)
Part of speech མིང་ཚིག
Definition མཁྱེན་གསུམ་གྱི་རྣམ་པ་བསྡུས་ནས་སྒོམ་པའི་ཤེས་རབ་ཀྱིས་ཟིན་པའི་སེམས་དཔའི་རྣལ་འབྱོར། རྒྱས་པར་དབྱེ་ན། བརྒྱ་དང་བདུན་ཅུ་རྩ་གསུམ་དུ་ཡོད་ཅིང། བསྡུ་ན། རྣམ་མཁྱེན་གྱི་རྣམ་པ། ལམ་ཤེས་ཀྱི་རྣམ་པ། གཞི་ཤེས་ཀྱི་རྣམ་པ་སྒོམ་པའི་གཉེན་པོ་རྣམ་རྫོགས་སྦྱོར་བ་གསུམ་དུ་ཡོད། ས་མཚམས། ཐེག་ཆེན་གྱི་ཚོགས་ལམ་ནས་རྒྱུན་མཐའི་བར་ན་ཡོད།

{{#arraymap:རྣམ་རྫོགས་སྦྱོར་བ་

|; |@@@ | | }}

རྣམ་རྫོགས་སྦྱོར་བ་ (8)
Part of speech མིང་ཚིག
Definition མཁྱེན་གསུམ་གྱི་རྣམ་པ་བསྡུས་ནས་སྒོམ་པར་བྱེད་པའི་ཤེས་རབ་ཀྱིས་ཟིན་པའི་སེམས་དཔའི་རྣལ་འབྱོར་དུ་དམིགས་པ། རྣམ་རྫོགས་སྦྱོར་བའི་མཚན་ཉིད། དེ་ལ་རྒྱས་པར་དབྱེ་ན། བརྒྱ་དང་བདུན་ཅུ་རྩ་གསུམ་ཡོད་དེ། གཞི་ཤེས་ཀྱི་རྣམ་པ་སྒོམ་པར་བྱེད་པའི་རྣམ་རྫོགས་སྦྱོར་བ་ཉེར་བདུན། ལམ་ཤེས་ཀྱི་རྣམ་པ་སྒོམ་པར་བྱེད་པའི་རྣམ་རྫོགས་སྦྱོར་བ་སུམ་ཅུ་རྩ་དྲུག། རྣམ་མཁྱེན་གྱི་རྣམ་པ་སྒོམ་པར་བྱེད་པའི་རྣམ་རྫོགས་སྦྱོར་བ་བརྒྱ་དང་བཅུ་རྣམས་སུ་ཡོད་པའི་ཕྱིར། བསྡུ་ན། གསུམ་དུ་འདུ་སྟེ། གཞི་ཤེས་ཀྱི་དེ། ལམ་ཤེས་ཀྱི་དེ། རྣམ་མཁྱེན་གྱི་དེ་དང་གསུམ་མོ། །

{{#arraymap:རྣམ་རྫོགས་སྦྱོར་བ་

|; |@@@ | | }}