81095

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣལ་འབྱོར་བཞི་རིམ་གྱི་ཁྲིད་ (1)
Part of speech མིང་ཚིག
Definition ཇོ་ནང་། རྣལ་འབྱོར་བཞི་རིམ་གྱི་ཟབ་ཁྲིད་འདི་ཉིད་ཇོ་ནང་ཀུན་དགའ་གྲོལ་མཆོག་གིས་འཕགས་བོད་ཀྱི་རིས་སུ་མ་ཆད་པའི་མཁས་གྲུབ་རྣམས་ཀྱི་ཟབ་ཁྲིད་བརྒྱ་དང་བརྒྱད་ཕྱོགས་གཅིག་ཏུ་བསྡུས་པའི་ཟབ་ཁྲིད་ཀྱི་རིམ་པ་རེ་བཞི་པ་ཡིན། བརྗོད་བྱ་ནི། བསྐྱེད་རིམ་བདག་བྱིན་གྱིས་རླབས་པ་དང་། ཟུང་འཇུག་བྱིན་གྱིས་བྱིན་རླབས་པ། སྔགས་ཀྱི་རིམ་པ་འཕོ་བ་བཅས་དང་། བྱིན་གྱིས་བརླབས་པའི་རྣལ་འབྱོར་རྣམས་ཀྱི་སྒོམ་པའི་རིམ་པ་མདོར་བསྡུས་ཏེ་བསྟན་ཡོད། བརྒྱུད་རིམ་ནི། འཇམ་དཔལ་གཤིན་རྗེའི་གཤེད་དང་ཌམྦི་པ། །བིརཱུ་པ་དང་དཔལ་འཛིན་བློ་གྲོས་བཟང་། །དརྦན་ཤེས་རབ་རིན་ཆེན་ཡབ་སྲས་ཟུང་། །ལོ་ཙཱ་མཆོག་ལྡན་གློ་བོ་ལོ་ཙཱ་བ། །བག་སྟོན་ཚུལ་རྒྱལ་གྲུབ་པ་ཤེས་རབ་དང་། །ཤེས་རྒྱལ་རྭ་སྟོན་ཀུན་དགའ་མཆོག་གྲུབ་པ། །ཞེས་སོགས་དང། རྗེ་བཙུན་གྲོལ་མཆོག་ཆོས་སྐུ་ལྷ་དབང་གྲགས། །ཞེས་པ་ནས། འཇིགས་མེད་རྡོ་རྗེ་རྣམས་ལ་གསོལ་བ་འདེབས། །ཞེས་པའི་བར་ནི་སྤྱན་རས་གཟིགས་ཀྱི་ཁྲིད་ལྟར་རོ། །ཟབ་ཁྲིད་འདི་ནི་གཞུང་དེ་ཉིད་ལས། གློ་ལོ་ཙཱ་བའི་ཁྲིད་ཡིག་ལས་བཏུས་སོ། །ཞེས་འབྱུང་ངོ་། །
Domain ཆོས་ལུགས།

{{#arraymap:རྣལ་འབྱོར་བཞི་རིམ་གྱི་ཁྲིད་

|; |@@@ | | }}