81577

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྨོག་ལྕོགས་པ་རིན་ཆེན་བརྩོན་འགྲུས་ (1)
Part of speech མིང་ཚིག
Definition རབ་བྱུང་གཉིས་པའི་ལྕགས་སྟག་ཕྱི་ལོ་ ༡༡༡༠ ལོར་ལྷ་ཕུ་སྤང་རྩ་ལ་ཡབ་ཤེས་རྒན་སྨན་ཆུང་དང་། ཡུམ་འབེ་མོ་པདྨ་སྒྲོན་གཉིས་ཀྱི་སྲས་སུ་འཁྲུངས། གདུང་རུས་ནི་ཞི་ཤེ་ཡིན། བཅུ་བདུན་པར་ཞང་ཞང་གི་ཆོས་སྒོར་ཞུགས། བླ་མ་ཤངས་པས་ཀྱེ་རྡོར་གྱི་དབང་བསྐུར། བླ་མ་ལས་གདམས་པ་འགའ་ཞུས་ཏེ་བསྒོམས་ཀྱང་ཉམས་མྱོང་ཆེར་མ་བྱུང་། མགོན་པོའི་སྐོར་དང་ཉི་ཁྲོས་ཀྱི་གདམས་པ་ཞུས། བླ་མས་གསེར་ཞོ་དྲུག་དང་། དར་ཡུག་དྲུག མདོ་སྡེ་རྒྱན་པོ་ཏི་གཅིག་རྣམས་གནང་སྟེ། གཡོར་པོ་རྒྱ་མོ་ཆེའི་མདུན་དུ་སོང་ཞེས་གསུངས་ནས་ཕྱིན། ཁམས་པ་ཨ་སེང་དང་མཇལ་ཞིང་དགེ་བཤེས་ཆེན་པོ་ཕྱཱ་བ་སོགས་དྲུག་ཅུ་ཙམ་ཚོགས་པའི་དབུས་སུ་དོན་དམ་པའི་བདེན་པའི་སྐོར་གྱི་བགྲོ་གླེང་མཛད། སྐབས་དེར་བླ་མ་སངས་རྒྱས་དངོས་ཀྱི་འདུ་ཤེས་སྐྱེས། ཁམས་པ་ཨ་སེང་ལས་རྡུལ་མཚོན་དང་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ལ་བསྟེན་པ་གཉིས་དང་། བསྐྱེད་རིམ་ལཱུ་ཡི་པ་དང་ལྷན་སྐྱེས་གཉིས་རྫོགས་རིམ་སྦྱོར་དྲུག་རྩ་འགྲེལ། སྦྱོར་ཕྲེང་རྩ་འགྲེལ། སྙིང་པོ་གསུམ་རྩ་འགྲེལ་གཉིས་བཅས་ཞུས། རས་ཆུང་པའི་གདམས་ངག་རྣམས་ཀྱང་ཐོབ། ཉག་མོ་དགེ་བཤེས་སོགས་ལས་སྤྱན་སྔའི་སྒོམ་སོགས་གདམས་ངག་མང་དུ་ཞུས། སླར་བླ་མ་ཤངས་པའི་མདུན་ནས་དབང་ཆོག་གདམས་ངག་ཐམས་ཅད་ཞུས། རྩེ་གཅིག་ཏུ་སྒྲུབ་པ་མཛད་ཅིང་ཉམས་རྟོགས་ཀྱང་སྐྱེས། ཆོས་རྗེ་སྒམ་པོ་པའི་མདུན་དུ་ཕེབས་ཏེ་ཆོས་དྲུག་སོགས་ཞུས། ཕྱག་ཆེན་གྱི་ལྟ་བ་ལ་ཐག་ཆོད་པའི་བོགས་ཐོན། ཚུལ་འབྱོན་དུས་སྐྱེལ་ཐུང་ཡང་མཛད། རྨོག་ལྕགས་སུ་སློབ་མ་མང་དུ་འདུས། སློབ་མ་རྣམས་མ་ཤོང་པར་ལྐུགས་ལུང་དགོན་པ་བཏབ། ཤངས་པ་བཀའ་བརྒྱུད་ཀྱི་བསྟན་པ་དར་རྒྱས་མཛད། རབ་བྱུང་གསུམ་པའི་ལྕགས་སྟག་ཕྱི་ལོ་ ༡༡༧༠ ལོར་སྐུ་གཤེགས། མཆོག་ཏུ་གྱུར་བའི་སློབ་མ་ནི་དབོན་སྟོན་སྐྱེར་སྒང་པ་ཡིན།

{{#arraymap:རྨོག་ལྕོགས་པ་རིན་ཆེན་བརྩོན་འགྲུས་

|; |@@@ | | }}