82130

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྩིས་མདའ་དགོན་ (1)
Part of speech མིང་ཚིག
Definition ཚེ་མཚམས་པ་བླ་མ་སྨིན་གྲོལ་བཟང་པོས་སྨར་གྱི་རྩིས་ཁོག་ཏུ་དགོན་ས་གཟིགས་ནས། དར་ནག་སྒར་བཏབ་སྟེ་གསེར་གཞོང་དགའ་བའི་པད་ཚལ་བཀྲ་ཤིས་ཆོས་ལྡན་གླིང་ཞེས་མཚན་གསོལ། རབ་བྱུང་བཅུ་བདུན་པའི་ལྕགས་སྟག་ཕྱི་ལོ་ ༢༠༡༠ བར་དུ་ ༢༣༣ སོང་། རིག་འཛིན་ཀློང་གསལ་སྙིང་པོའི་རྣམ་སྤྲུལ་མགར་ཀློང་བདུད་འདུལ་དབང་ཕྱུག་གླིང་པས་དགོན་གནས་རྩིས་བྲག་སྒོའི་མཆོད་རྟེན་ལུང་པ་རུ་སྤོར་ནས་བསྟན་འགྲོའི་དོན་རྒྱ་ཆེན་མཛད། སོག་ཚ་བླ་མ་ལྷ་བསམ་སོགས་ཀྱིས་རིམ་པར་བསྐྱངས། དཔལ་ཨོ་རྒྱན་འཕྲིན་ལས་གླིང་པར་སངས་རྒྱས་རྣམ་པར་གཟིགས་དང་འཕགས་མཆོག་སྤྱན་རས་གཟིགས་ཀྱིས་ལུང་བསྟན་པའི་གནས་མཆོག སྨར་གྱི་རྩེས་མདར་རབ་བྱུང་བཅོ་ལྔ་པའི་ཤིང་གླང་ཕྱི་ལོ་ ༡༩༢༥ ལོར་སྔར་གྱི་དགོན་གནས་སྤར་ཏེ་དགོན་འདི་ཕྱག་བཏབ། གདན་རབས་དང་མཁན་རབས་རིམ་བྱོན་ནི། ཚེ་མཚམས་བླ་མ་སྨན་གྲོལ་བཟང་པོ་སོགས་བཅུ་དང་ཀཿཐོག་མཁན་ཆེན་འཇམ་དཔལ་རྒྱ་མཚོ་བཅས་རིམ་པར་བྱོན་ནས་རྒྱལ་བསྟན་དར་རྒྱས་སུ་བཏང་།

{{#arraymap:རྩིས་མདའ་དགོན་

|; |@@@ | | }}