82444

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྩྭ་དུར་བ་ (1)
Part of speech མིང་ཚིག
Definition རྩྭ་རམ་པ་སྟེ། ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་སེར་སྐྱ་ཕྲ་ལ་འདོམ་གང་ལྷག་ཙམ་ལ་ཚིགས་པ་མང་ཞིང་འཕྲེད་དུ་སྐྱེ་བ་སྟེ། གཅིག་ལ་གཅིག་སྦྲེལ་ནས་ས་འོག་ཁྱབ་པ་ཚིགས་པའི་སྟེང་ནས་ཨ་ར་འདྲ་བའི་སྤུ་སེར་སྨུག་ཐར་ཐོར་ཡོད་པ། ལོ་མ་ལྗང་སྐྱ་རྩུབ་ཉམས་ཅན་ལྗང་བུའི་དབྱིབས་འདྲ་བ་གཞི་རྩར་ཆུན་པོར་སྐྱེ་བ། སྡོང་པོ་ཕྲ་ལ་རིང་ཞིང་འདྲོང་བ་ཚིགས་བཞི་ལྔ་ཙམ་པ་དང་སྡོང་པོའི་ལོ་མ་རེ་རེས་མོས་སུ་སྐྱེ་བའི་སྨད་ཆས་སྡོང་པོ་བཏུམས་ཡོད་པ། མེ་ཏོག་ཟིང་སྨུག་སྙེ་དབྱིབས་ཅན་སྡོང་པོའི་རྩེར་འཆར་ཞིང་སྨིན་ཚེ་མདོག་སྐྱ་བོར་གྱུར་པ་སྟེ། རང་ལྗོངས་ཀྱི་ཞིང་ཁུལ་ཡིན་པའི་ས་གནས་ཡོངས་སུ་ཞིང་མུ་དང༌། ས་རྒོད། གྲམ་ཐང་སོགས་སུ་སྐྱེ་བ། རྩ་བ་བོད་ཟླ་གསུམ་པའམ་བརྒྱད་པ་གང་རུང་ལ་བཏུས་ཏེ་གཙང་མ་བཀྲུས་རྗེས་ཨ་ར་འདྲ་བའི་རྩ་ཕྲན་མེད་པ་བཟོས་ནས་བསིལ་སར་བསྐམས་ནས་སྐམ་ཐོག་སྨན་དུ་སྤྱོད་རྒྱུ། རོ་མངར་ཞིང་བསྐ་བ། ཞུ་རྗེས་མངར་བ། ནུས་པ་བསིལ་བས་དུག་ནད་སྤྱི་དང༌། སྡིག་པའི་དུག་སེལ་བ་དང༌། ཁྲག་ཤོར་གཅོད་ཅིང་ཆུ་འགགས་འབིགས་པ། ཚེ་བསྲིང་ཞིང་མུ་ཟིའི་དུག་འདོན་པར་བྱེད་པ་ཡིན།

{{#arraymap:རྩྭ་དུར་བ་

|; |@@@ | | }}