82895

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྫོང་པ་ཀུན་དགའ་རྒྱལ་མཚན་ (1)
Part of speech མིང་ཚིག
Definition རབ་བྱུང་དྲུག་པའི་ཆུ་ཁྱི་ཕྱི་ལོ་ ༡༣༨༢ ལོར་ས་སྐྱའི་མཐོང་སྨོན་བླ་བྲང་དུ་ཡབ་དཔོན་པོ་ནོར་འཕེལ་གྱི་སྲས་སུ་འཁྲུངས། གདུང་རུས་ཞང་ཡིན། དགུང་ལོ་ལྔ་པར་བོ་དོང་ཕྱོགས་ལས་རྣམ་རྒྱལ་ལས་དགེ་བསྙེན་གྱི་སྡོམ་པ་མནོས། བཅུ་པར་ཤར་པ་ཡེ་ཤེས་རྒྱལ་མཚན་ལས་དགེ་ཚུལ་བསྒྲུབས། མཚན་ལ་ཀུན་དགའ་རྒྱལ་མཚན་ཞེས་གསོལ། ཉི་ཤུ་པར་ཐེག་ཆེན་ཆོས་རྗེ་ཀུན་དགའ་བཀྲ་ཤིས་དང་། ཤར་པ་ཡེ་ཤེས་རྒྱལ་མཚན་གཉིས་ལས་བསྙེན་པར་རྫོགས། བོ་དོང་ཨེར་ཕེབས་ནས་ཚད་མ་རྣམ་འགྲེལ་སོགས་ལ་མཁས་པར་སྦྱངས། བཅུ་གསུམ་པར་གདན་ས་ཆེན་པོར་གྲྭ་སྐོར་མཛད། གཡག་ཕྲུག་སངས་རྒྱས་དཔལ་བ་ལས་ཕར་ཕྱིན་གསན། ཐེག་ཆེན་ཆོས་རྗེ་ཀུན་དགའ་བཀྲ་ཤིས་ལས་གསུང་ངག་སོགས་ཟབ་རྒྱས་ཀྱི་གདམས་པ་དང་། ཞང་བླ་ཀུན་དགའ་རྒྱལ་མཚན། ས་བཟང་གཞོན་ནུ་བློ་གྲོས། བླ་མ་དཔལ་ལྡན་དོན་གྲུབ་སོགས་ལས་རྒྱུད་སྡེའི་མན་ངག་མཐའ་ཡས་པ་ལེགས་པར་གསན། ངམ་རིང་གི་ཆོས་སྡེ་དང་། ཡ་ག་ཆོས་སྡིངས། སློབ་བཤད་ནོར་བུའི་གླིང་གི་གྲྭ་ཚང་། རྫོང་པ་སོགས་སུ་མདོ་སྔགས་ཆོས་ཀྱི་འཆད་ཉན་མཛད། རེ་ལྔ་པ་རབ་བྱུང་བདུན་པའི་མེ་སྟག་ཕྱི་ལོ་ ༡༤༤༦ ལོར་སྐུ་གཤེགས། སློབ་མ་གྲགས་ཆེ་བ་ནི་སྔགས་འཆང་ཨཱ་ནན་ཏ་པ་དང་། བདག་ཆེན་དཔལ་ལྡན་ཆོས་སྐྱོང་། སེམས་དཔའ་གཞོན་ནུ་རྒྱལ་མཆོག མཁས་གྲུབ་དགེ་ལེགས་དཔལ་བཟང་བཅས་ཡིན།

{{#arraymap:རྫོང་པ་ཀུན་དགའ་རྒྱལ་མཚན་

|; |@@@ | | }}