82911

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྫོང་སར་བཤད་གྲྭ་ (1)
Part of speech མིང་ཚིག
Definition རྫོང་སར་བཤད་གྲྭ་ནི། ཐོག་མར་རྫོང་སར་བཀྲ་ཤིས་ལྷ་རྩེ་ཆགས་ཤིང་། འདི་ཉིད་ཕྱི་ལོ་ ༧༤༦ ལོར་ཕྱག་བཏབ། དར་རྒྱུད་སྣ་ཚོགས་བྱུང་བ་ལས། འགྲོ་མགོན་ཆོས་འཕགས་པའི་སྐུ་དུས་དཔལ་ས་སྐྱ་པར་འགྱུར་བར་ཡིན་ལ། དེ་ནས་སྡེ་དགེ་རྒྱལ་པོའི་མངའ་འོག་དུ་འགྱུར་པ་ནས། ཕྱིས་སུ་སྡེ་དགེའི་དབུ་བླ་ཤར་ཆེན་ཀུན་དགའ་བཀྲ་ཤིས་ཐོག་མར་གདན་དྲངས། དེ་རྗེས་སྡེ་དགེ་བླ་ཆེན་བྱམས་པ་ཕུན་ཚོགས་ཀྱིས་ངོར་གྱི་མཁན་རབས་ཉི་ཤུ་པ་སྒྲུབ་ཁང་དབོན་དཔལ་མཆོག་རྒྱལ་མཚན་ཆེད་དུ་གདན་དྲངས། རིམ་བཞིན་སྡེ་དགེའི་མངའ་འབངས་སུ་གཏོགས་པའི་ས་དགོན་ཕལ་ཆེར་ལ་ཆོ་ག་ཕྱག་ལེན། ལུང་རིགས་བཤད་པ་བཙུགས། དེ་ནས་འཇམ་དབྱངས་མཁྱེན་བརྩེ་དབང་པོ་བྱོན་ནས། རྫོང་སར་བཀྲ་ཤིས་ལྷ་རྩེ་དར་རྒྱས་ཆེར་མཛད་ཅིང་། རིས་མེད་ཀྱི་གསུང་རབ་དང་རྟེན་མང་དུ་བཞེངས། རྗེས་སུ་སྒང་སྣ་བླ་བྲང་དང། མངའ་རིས་བླ་བྲང་། མཁྱེན་བརྩེ་བླ་བྲང་གསུམ་ཡང་ཆགས། དེ་ནས་རྫོང་སར་བཤད་གྲྭ་དངོས་ནི། འཇམ་དབྱངས་མཁྱེན་བརྩེ་དབང་པོའི་བཀའ་མངགས་ལྟར། འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ་ཡོན་ཏན་རྒྱ་མཚོས་རྟགས་ཐབས་དུས་མས་ས་དཔྱད་ལེགས་པར་མཛད་དེ། འཇམ་དབྱངས་མཁྱེན་བརྩེ་དབང་པོས་ཁམས་ཀྱི་བྱེ་ཐང་དུ་རིགས་གསུམ་ལྷ་ཁང་ཞིག་བཞེངས་པའི་མཚན་ལ། རིགས་གསུམ་སྤྲུལ་པའི་གཙུག་ལག་ཁང་བཤད་སྒྲུབ་དར་རྒྱས་གླིང་ཞེས་བཏགས། རིགས་གསུམ་གྱི་ལྷ་ཁང་དེར་བཤད་གྲྭ་མ་ཚུགས་བར། དགེ་རབ་མདའ་པ་ཞེས་སྨན་ཤོད་ཀྱི་སྡེ་ཤོག་ཁག་གཅིག་གིས་ལོ་ལྟར་བཞིན་སྨྱུང་གནས་ཚུགས་ཡུལ་བྱས་ཤིང། དེ་རྗེས་ མཁྱེན་བརྩེ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་དགུང་ལོ་ཉེར་དྲུག་ལ་ཕེབས་པའི་སྐབས། རབ་བྱུང་བཅོ་ལྔ་པའི་ས་རྟ། བཤད་གྲྭ་རྟེན་དང་བརྟེན་པ་བཅས་དངོས་སུ་བཙུགས་པ་དང་། བཤད་གྲྭའི་མཁན་ཐོག་དང་པོར་རྫོགས་ཆེན་མཁན་པོ་གཞན་དགའ་གདན་དྲངས་ཤིང་། དེ་ནས་བཟུང་། དབོན་སྟོད་མཁྱེན་རབ་ཆོས་ཀྱི་འོད་ཟེར། སྒ་སྟོན་བླ་མ་འཇམ་དབྱངས་རྒྱལ་མཚན། སྡེ་གཞུང་ཆོས་འཕེལ། བྲག་གཡབ་བློ་གྲོས། ཁང་དམར་རིན་ཆེན། མདོ་སྲིབ་པ་ཐུབ་བསྟན་རྒྱལ་མཚན། མི་ཉག་དམ་ཆོས། བྲག་གཡབ་མཁྱེན་རབ་སེང་གེ་བཅས་མཁན་རབས་དགུ་བྱོན་ཏེ་མདོ་སྔགས་རིག་གནས་དང་བཅས་པའི་རིག་པའི་གཞུང་ལུགས་འཆད་སྤེལ་གྱིས་རིས་སུ་མ་མཆིས་པའི་བསྟན་འཛིན་གྱི་སྐྱེས་བུ་མང་དུ་བསྐྲུན་པར་མཛད་བཞིན་པའི་མུར། རྒྱ་ནག་གིས་བཙན་གནོན་དང་རིག་གསར་གྱིས་སྡུག་རྩུབ་ལས་རྟེན་བཅུད་དང་བཅས་པ་ཉམས་སྨད་དུ་བཏང་བར། ཕྱིས་སུ་ཉམས་གསོ་མཛད་བཞིན་ཡོད།

{{#arraymap:རྫོང་སར་བཤད་གྲྭ་

|; |@@@ | | }}