82969

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྭ་སྒྲེང་ཁྲི་སྤྲུལ་བསྟན་པ་རབ་རྒྱས་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གསུམ་པའི་ས་ཡོས་ཕྱི་ལོ་ ༡༧༥༩ ལོར་ཁམས་ལི་ཐང་དུ་ཡབ་བསོད་ནམས་དར་རྒྱས་དང་། ཡུམ་སྒྲོལ་མ་འཚོ་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་གཉིས་པར་ལི་ཐང་མཁན་པོ་ཕུན་ཚོགས་རྒྱ་མཚོ་ལས་རྣམ་འཇོམས་ཀྱི་བྱབས་ཁྲུས་ཞུས། ཁྲི་ཆེན་རྡོ་རྗེ་འཆང་ངག་དབང་མཆོག་ལྡན་གྱི་ཡང་སྲིད་ངོས་བཟུང་། མཚན་ལ་བློ་བཟང་བསྟན་དར་ཞེས་གསོལ། དྲུག་པར་དབུས་ཀྱི་རྭ་སྒྲེང་དགོན་པའི་གསེར་ཁྲིར་བཞུགས། པཎ་ཆེན་དཔལ་ལྡན་ཡེ་ཤེས་ལས་རབ་ཏུ་བྱུང། ཡོངས་འཛིན་ཁྲི་ཆེན་ངག་དབང་ཆོས་གྲགས་ལས་ཡི་གེའི་སྦྱོར་ཀློག་མཁས་པར་བསླབས། བཅུ་པར་སེར་བྱེས་མཁས་སྙན་གྲྭ་ཚང་ཆོས་སྒོར་ཞུགས། ཆོས་རྗེ་བྱམས་པ་སྨོན་ལམ་ལས་གཞུང་ཆེན་བཀའ་པོད་ལྔ་ལ་ཐོས་བསམ་མཛད། ཉེར་གཅིག་པར་སེར་བྱེས་གྲྭ་ཚང་དུ་ལྷ་རམས་པའི་མཚན་བཏགས་བཞེས། པཎ་ཆེན་དཔལ་ལྡན་ཡེ་ཤེས་་ལས་བསྙེན་པར་རྫོགས། སྨད་རྒྱུད་གྲྭ་ཚང་དུ་ཞུགས་ནས་གསང་ཆེན་སྔགས་ཀྱི་ཆོ་ག་ཕྱག་ལེན་བཅས་ལེགས་པར་སྦྱངས། ཞེ་བདུན་པར་རྒྱལ་བའི་བཀའ་ལུང་ལྟར་འབྲས་སྤུབས་སུ་ལྕང་སྐྱ་རིན་པོ་ཆེའི་ཡོངས་འཛིན་དུ་བཞུགས། ཞེ་དགུ་པར་སེར་བྱེས་གྲྭ་ཚང་དུ་ལམ་རིམ་བསྡུས་དོན་གྱི་བཤད་ལུང་ཞག་སྐོར་དགྱེས་བཞིན་དུ་གནང་། ང་བརྒྱད་པ་རབ་བྱུང་བཅུ་བཞི་པའི་མེ་བྱི་ཕྱི་ལོ་ ༡༨༡༥ ལོར་སྐུ་གཤེགས། རྭ་སྒྲེང་སྐུ་ཕྲེང་གཉིས་པ་ཡིན། གསུང་རྩོམ་ནི་ལྟ་བའི་ཉམས་མགུར་ཨ་མ་ངོས་འཛིན་གྱི་འགྲེལ་བ་དང་། བྱང་ཆུབ་ལམ་རིམ་ཆེན་མོའི་བླ་བརྒྱུད། རྒྱལ་དབང་ཡབ་སྲས་དང་སྐྱེས་ཆེན་དམ་པ་རྣམས་ཀྱི་ཞབས་བརྟན་གསོལ་འདེབས། བླ་མཆོད་ཉམས་ལེན་དོགས་གཅོད་བཅས་པོད་གཉིས་བཞུགས། མཚན་གཞན། བློ་བཟང་བསྟན་དར།

{{#arraymap:རྭ་སྒྲེང་ཁྲི་སྤྲུལ་བསྟན་པ་རབ་རྒྱས་

|; |@@@ | | }}