83196

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རླུང་སེམས་གཉིས་མེད་ཀྱི་ཁྲིད་ (1)
Part of speech མིང་ཚིག
Definition ཇོ་ནང་། རླུང་སེམས་གཉིས་ཀྱི་ཟབ་ཁྲིད་འདི་ཉིད་ཇོ་ནང་ཀུན་དགའ་གྲོལ་མཆོག་གིས་འཕགས་བོད་ཀྱི་རིས་སུ་མ་ཆད་པའི་མཁས་གྲུབ་རྣམས་ཀྱི་ཟབ་ཁྲིད་བརྒྱ་དང་བརྒྱད་ཕྱོགས་གཅིག་ཏུ་བསྡུས་པའི་ཟབ་ཁྲིད་ཀྱི་རིམ་པ་གྱ་དྲུག་པ་ཡིན། བརྗོད་བྱ་ནི། བསྐྱེད་རིམ་རླུང་སེམས་དབྱེར་མེད་དང་། འཆི་ཁར་འཕོ་བ་རླུང་སེམས་དབྱེར་མེད་ཀྱི་རྣལ་འབྱོར་སྒོམ་པའི་རིམ་པ་བསྡུས་ཏེ་བསྟན་ཡོད། བརྒྱུད་རིམ་ནི། རྡོ་རྗེ་འཆང་ཆེན་ཕག་མོ་ནཱ་རོ་པ། །མར་པ་མི་ལ་དྭགས་པོ་དུས་གསུམ་མཁྱེན། །འགྲོ་མགོན་རས་ཆེན་རྒྱལ་སྲས་སྦོམ་བྲག་པ། །ཀརྨ་པ་ཀྴི་གཉན་རས་རང་བྱུང་ཞབས། །མགོན་པོ་རྒྱལ་མཚན་རོལ་བའི་རྡོ་རྗེ་དང་། །ཡེ་ཤེས་དཔལ་བ་མཚུར་ཕུ་འཇམ་དབྱངས་ཆེ། །སྐྱབས་ཆེ་རྟོགས་ལྡན་ཏྲེ་བོ་ཆོས་རྒྱ་མཚོ། །ཞེས་སོགས་དང། རྗེ་བཙུན་གྲོལ་མཆོག་ཆོས་སྐུ་ལྷ་དབང་གྲགས། །ཞེས་པ་ནས། འཇིགས་མེད་རྡོ་རྗེ་རྣམས་ལ་གསོལ་བ་འདེབས། །ཞེས་པའི་བར་ནི་སྤྱན་རས་གཟིགས་ཀྱི་ཁྲིད་ལྟར་རོ། །ཟབ་ཁྲིད་འདི་ནི་གཞུང་དེ་ཉིད་ལས། ལྷ་གཟུགས་རས་པའི་ཁྲིད་ཡིག་ལས་བཏུས་སོ། །ཞེས་འབྱུང་ངོོ་། །
Domain ཆོས་ལུགས།

{{#arraymap:རླུང་སེམས་གཉིས་མེད་ཀྱི་ཁྲིད་

|; |@@@ | | }}