84522

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལི་ཤི་ (1)
Part of speech མིང་ཚིག
Definition ལོ་མང་སྐྱེ་བའི་ཤིང་ལས་བྱུང་བའི་རྩི་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། སྡོང་པོ་སྨུག་ནག་ཆེ་ཆུང་འབྲིང་ཙམ་ཡལ་ག་དང་ཡལ་ཕྲན་མང་པོ་གྱེས་ཤིང་དྲང་པོར་སྐྱེ་བ། ལོ་མ་སྔོ་ལྗང་སྣུམ་ལ་འཇམ་ཞིང་མཐུག་པ་བ་ལུའི་ལོ་མའི་དབྱིབས་འདྲ་བ་དེ་ལས་ཆེ་ཞིང་མཐའ་མཉམ་པ། ངར་བ་ཐུང་བ་རེས་མོས་སུ་སྐྱེ། མེ་ཏོག་སེར་པོ་མདངས་དང་ལྡན་པ་འདབ་མ་ལྔ་མཆིས་ཤིང་ཟེའུ་འབྲུ་སེར་པོ་ཡིན་པ་ལོ་མའི་མཚམས་ནས་ཆུན་པོར་འཆར་བ། འབྲས་བུ་ཆེ་བ་བུམ་པ་ཅན་ཞེས་བུམ་པའི་དབྱིབས་ཅན་དང་། ཆུང་བ་གཟེར་ཆུང་གི་དབྱིབས་དོད་ལ་དྲི་བཟང་བ་ཡོད། རོ་ཚ། ཞུ་རྗེས་དྲོད། ནུས་པས་དྲོད་སྐྱེད། ཟས་འཇུ། ཡི་ག་འབྱེད། སྲོག་རྩའི་ནད་དང་གྲང་རླུང་སེལ།
Synonyms ལྦངྒ། དེ་བ་ཀུ་སུམ། སྤོས་ཀྱི་རྒྱལ་པོ། ཕུན་ཚོགས། དཔལ་གྱི་མིང་ཅན། བུམ་པ་ཅན། གང་བུ་ཅན། ལ་ཤི། ལྷ་ཡི་མེ་ཏོག ལྷ་རྫས།

{{#arraymap:ལི་ཤི་

|; |@@@ | | }}