84794

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལུང་ཟིན་ཆོས་ཉིད་རྒྱ་མཚོ་ (1)
Part of speech མིང་ཚིག
Definition སྦས་པའི་རྣལ་འབྱོར་པ་གཅོད་པ་ལུ་གུ་ཞེས་པ་མཚན་གཞན་ཡེ་ཤེས་རྒྱ་མཚོ་སོགས་གྲགས་པ་གཅོད་ཡུལ་ཞི་བྱེད་ཀྱི་གྲུབ་པ་ཐོབ་པ་དེ་རྒྱ་ནག་གླིང་འགྱིང་རི་མཇལ་བར་ཕེབས་ནས་ཡར་བྱོན་དུས་དར་མདོ་ནས་སྡེ་དགེའི་ཚོང་དཔོན་ཞིག་དང་མཉམ་དུ་བྱོན་པ་ལ། འཇིག་རྟེན་མི་ཆོས་ཀྱི་བྱ་བ་མི་མཛད་པའི་གཤིས་ཀྱིས་ཉིད་ཀྱི་གཟིམ་གུར་ཚོང་དཔོན་གྱི་སྒར་གོང་དུ་དུས་རྒྱུན་བཏབ་པས། ཚོང་དཔོན་ཡིད་མ་མཉེས་པའི་སྐད་ཀྱིས་བྲག་རི་ཤིན་ཏུ་གཉེན་པ་ཞིག་ཡོད་པའི་དྲུང་སྒར་བཏབ་ནས། ཁྱེད་ཀྱིས་ནུབ་མོ་དུས་རྒྱུན་རྐང་དུང་འབུད་རྒྱུ་དང༌། ཕཊ་སང་པོ་བྱེད་རྒྱུ་དེ་དོན་དང་ལྡན་ན་དོ་ནུབ་བྲག་རི་ཡ་ཀི་ལ་ཁང་པ་ཙམ་ཞིག་ཆོད་ལ་དེར་བཞུགས་དང་ང་ཚོས་བལྟ་ཞེས་སྙད་ཀ་བཙལ། ཁོང་ཁྲོས་མ་ནག་མོའི་ཏིང་ངེ་འཛིན་ལ་བཞུགས་ནས་ཕྱག་ལ་སྟ་རེ་ཞིག་བསྣམས་ཏེ་བྲག་རི་དེ་གཅོད་པའི་ཚུལ་མཛད་པས་བྲག་དེ་ལས་ཁང་པ་ཆེ་ཙམ་ཆད་དེ་འོགགི་ཆུ་ནང་ལྷུང་བའི་སྒྲས་ཚོང་པའི་རྟ་དྲེལ་ཀུན་དཀྲོགས་ནས་ཕྱིར་ཉིན་སྒར་བཀྱག་མ་གྲུབ་པ་བྱུང༌། སླར་ཚོང་དཔོན་འཁོར་བཅས་ཤིན་ཏུ་དད་དེ་འབུལ་བ་རྒྱ་ཆེར་ཕུལ་ནས་དབང་དང་གདམས་པ་ཞུགས། དེ་རྗེས་རྒྱ་ནག་བྲག་བཅད་གཅོད་པ་ཞེས་གྲགས། ཀཿཐོག་ཏུ་གཏེར་ཆེན་ཀློང་གསལ་སྙིང་པོའི་ཆོས་བདག་ཏུ་ལུང་གིས་ཟིན། རྒྱལ་སྲས་རིན་པོ་ཆེ་དང་བཀྲ་ཤིས་འོད་ཟེར་རྣམས་ལས་ཀློང་གསལ་རྡོ་རྗེ་སྙིང་པོའི་དབང་ལུང་རྫོགས་པར་གསན། སློབ་མ་དྲུང་ནམ་མཁའ་རྒྱ་མཚོ་སོགས་བྱོན་པ་ཡིན་ནོ། །

{{#arraymap:ལུང་ཟིན་ཆོས་ཉིད་རྒྱ་མཚོ་

|; |@@@ | | }}