84795

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལུང་ཟིན་ཆོས་ཉིད་རྒྱ་མཚོའི་སྐྱེས་ཕྲེང༌་ (1)
Part of speech མིང་ཚིག
Definition རྒྱ་ནག་བྲག་གཅོད་གཅོད་པའམ་རིག་འཛིན་ཀློང་གསལ་སྙིང་པོའི་གཏེར་ལུང་དུ་ཟིན་པའི་ལུང་ཟིན་ཆོས་ཉིད་རྒྱ་མཚོ་ཞེས་གྲགས་པ་དེའི་སྐུ་སྐྱེ་ཛཿཀ་བསོད་ནམས་རྣམ་རྒྱལ་དབོན་པོ་ཨོ་རྒྱན་འཇམ་དབྱངས་དང༌། དེའི་སྤྲུལ་སྐུ་དཔལ་ལྡན་རྡོ་རྗེ་ནི་རྟེན་སྔགས་འཆང༌། དགོངས་གཏེར་མན་ད་རའི་ཚེ་སྒྲུབ་སོགས་གཏེར་ཆོས་ཁ་ཤས་ཤིག་བཞུགས། དེའི་སྤྲུལ་སྐུ་འཇམ་དཔལ་རྡོ་རྗེ་ལི་ཐང་དུ་འཁྲུངས། སི་ཏུ་ཆོས་ཀྱི་བློ་གྲོས་དང༌། ལྕམ་སྤྲུལ་དཀོན་མཆོག་ཆོས་འཕེལ། ཛཿཀ་བསོད་ནམས་དཔལ་ལྡན། འཇིགས་མེད་ཡོན་ཏན་མགོན་པོ་སོགས་བླ་མར་བསྟེན། ཕལ་ཆེར་ཀཿཐོག་དགོན་ཉིད་དུ་བཞུགས། སྐུ་ཚེ་གཅིག་ལ་སྒྲུབ་པའི་རྒྱལ་མཚན་འཛུགས་ནས་སྤྲོས་མེད་བྱ་བཏང་ཁོ་ན་མཛད། ཡི་དམ་མང་པོའི་ཞལ་གཟིགས། དགེ་བསྙེན་ཆེན་པོ་ཁྲོ་འབར་བྲན་བཞིན་འཁོར་ནས་ཅི་བཅོལ་ཕྲིན་ལས་མངོན་སུམ་དུ་སྒྲུབ། སྙན་བརྒྱུད་གདམས་པའི་མཛོད་ལ་མངའ་བརྙེས་པས། རང་ལུགས་བཀའ་གཏེར་རྣམས་ཀྱི་དབང་ཁྲིད་རྒྱབ་རྟེན་དང་བཅས་པ་རྒྱུན་མི་ནུབ་པར་བསྐྱངས་པར་མཛད། དེའི་སྤྲུལ་སྐུ་པདྨ་འཕྲིན་ལས་ཀྱི་སྐྱབས་མགོན་རྡོ་རྗེ་འཆང་དགེ་རྩེ་འགྱུར་མེད་བསྟན་པ་རྣམ་རྒྱལ་གྱི་སྐུ་ཚར་འཁྲུངས། ཆུང་ནས་ཐོས་བསམ་ལ་སྦྱོང་བརྩོན་དང་བསྟན་པ་ལ་ལྷག་བསམ་ཅན་བཞུགས་ནའང་སྐུ་ཚེ་ཡུན་དུ་མ་བཞུགས། དེའི་ཡང་སྲིད་ཉ་གཤིས་གསེར་གཡུ་ཚང་ཞེས་པ་རིག་འཛིན་བདུད་འདུལ་རྡོ་རྗེའི་དབོན་བརྒྱུད་ལས་སྐུ་འཁྲུངས་པ་འཇམ་དཔལ་བསྟན་འཛིན་རྒྱ་མཚོ་ནི་མཁྱེན་རྟོགས་ཀྱི་ཡོན་ཏན་དང་ལྡན་པ་བཞུགས་སོ། ། མཁན་པདྨ་རྒྱལ་མཚན། སྐུ་ཞབས་ཡོན་ཏན་མགོན་པོའི་རྗེ་དབེན་མཁན་རིན་པོ་ཆེ་པདྨ་རྒྱལ་མཚན་ནི་མཁས་བཙུན་བཟང་པོའི་ཡོན་ཏན་ཚད་མེད་པས་བརྒྱན་ཅིང་མཁྱེན་བརྩེ་ནུས་པའི་ཕྲིན་ལས་རྨད་དུ་བྱུང་བས་ཀུན་མཁྱེན་སི་ཏུ་ཆོས་ཀྱི་རྒྱ་མཚོའི་རྒྱལ་ཚབ་ཏུ་ཀཿཐོག་གདན་སར་བཞུགས་ནས་ལུགས་གཉིས་ཀྱི་བསྟན་པའི་ཁུར་བཞེས། བཤད་སྒྲུབ་ཀྱི་ཕྲིན་ལས་རྒྱུན་བསྐྱངས། བསྟན་པའི་བྱ་བ་རླབས་ཆེན་མཛད། དེའི་སྤྲུལ་སྐུ་ཚུལ་ཁྲིམས་ཡོན་ཏན་རྒྱ་མཚོ་སྤུ་སྨད་རྗེ་དྲུང་ཚང་དང་ཉེ་བར་འཁྲུངས། འཇམ་མགོན་ཆོས་ཀྱི་བློ་གྲོས་དང་ཀུན་མཁྱེན་ངག་གི་དབང་པོ། མཁན་ཆེན་ལེགས་བཤད་འབྱོར་ལྡན་སོགས་ལས་བཀའ་གཏེར་མང་པོའི་སྨིན་གྲོལ་གསན། མཁན་རིན་པོ་ཆེ་རྒྱལ་མཚན་འོད་ཟེར་ཡོངས་འཛིན་དུ་བཞུགས་ནས་མདོ་སྔགས་ཀྱི་ཟབ་གནད་ཐམས་ཅད་ཐུགས་སུ་ཆུད། སྐྱེས་སྦྱོང་གི་ཡོན་ཏན་དང་ཐུགས་བསྐྱེད་སྤོབས་པ་རྒྱ་ཆེ་བས་ཀཿབསྟན་གསལ་བའི་སྒྲོན་མེ་ལྟ་བུར་གྱུར། བསྟན་འགྲོའི་དོན་རླབས་ཆེན་སྒྲུབ་པའི་མཐུ་ནུས་དང་ལྡན་པར་བཞུགས་ནའང་དུས་དབང་གིས་རྒྱ་གར་དུ་ཕེབས་ནས་གློ་བུར་དུ་གཤེགས་སོ། །

{{#arraymap:ལུང་ཟིན་ཆོས་ཉིད་རྒྱ་མཚོའི་སྐྱེས་ཕྲེང༌་

|; |@@@ | | }}