85403

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལོ་ཆེན་དྷརྨ་ཤྲཱི་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གཅིག་པའི་ཤིང་རྟ་ཕྱི་ལོ་ ༡༦༥༤ ལོར་གཡོར་པོ་གྲྭ་ནང་གི་དར་རྒྱས་ཆོས་གླིང་དུ་ཡབ་སྨྱོས་སྟོན་འཕྲིན་ལས་ལྷུན་གྲུབ་དང་། ཡུམ་ལྷ་འཛིན་དབྱངས་ཅན་སྒྲོལ་མ་གཉིས་ཀྱི་སྲས་སུ་འཁྲུངས། བྱིས་དུས་ཀྱི་མཚན་ལ་ལེགས་པ་དོན་གྲུབ་ཅེས་ཞུ། དགུང་ལོ་བརྒྱད་པར་གཅེན་པོ་དང་མཉམ་དུ་འཕྱོངས་རྒྱས་དཔལ་རི་དང་གནས་ཆེན་མཆིམས་ཕུར་བཞུགས། བཅུ་གསུམ་པར་གཏེར་སྟོན་བླ་མར་གཙུག་ཕུད་ཕུལ། མཚན་ལ་བསྟན་འཛིན་འཇམ་དབྱངས་དབང་པོ་ཞེས་སྩལ། བཅོ་ལྔ་པར་ལྷ་སར་རྒྱལ་དབང་ལྔ་པ་ལས་རབ་ཏུ་བྱུང། མཚན་ལ་ངག་དབང་ཆོས་དཔལ་ཞེས་བཏགས། བཅུ་དགུ་པར་སློབ་དཔོན་དོན་གྲུབ་དབང་རྒྱལ་ལས་རྩིས་དང་། སྟག་ལུང་གྲུབ་ཆེན་ངག་དབང་གཟུགས་མཆོག་ལས་སྒྲའི་བསྟན་བཅོས་དང་། གཏེར་ཆེན་བླ་མ་ལས་སྙན་ངག་དང་སྡེབ་སྦྱོར་སོགས་གསན། ཉི་ཤུ་པར་རྒྱལ་དབང་ལྔ་པ་ལས་བསྙེན་པར་རྫོགས། སྨིན་གྲོལ་གླིང་གྲྭ་ཚང་གི་དགེ་སྐོས་ཀྱི་འགན་ཁུར། འགྲིག་ལམ་དང་ཀུན་སྤྱོད་བཅས་ལ་དོ་དམ་མཛད། ཉེར་བདུན་པར་རྒྱལ་དབང་ལྔ་པའི་བཀའ་ཕེབས་པ་ལྟར་མཁན་ཆེན་དཀོན་མཆོག་བསྟན་འཛིན་ལས་འདུལ་བ་སྨད་ལུགས་ཀྱི་ཆོོ་གས་བསྙེན་པར་རྫོགས། ཕྱི་ནང་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གནས་ཀུན་ལ་མཁས་པར་སྦྱངས། རབ་བྱུང་བཅུ་གཉིས་པའི་ས་ཁྱི་ཕྱི་ལོ་ ༡༧༡༨ ལོར་ཨོ་རོད་ཇུང་གར་བས་སྐྱིད་ཆུའི་འགྲམ་དུ་བཀྲོངས། སློབ་མ་གཙོ་བོ་ནི་ས་སྐྱ་བདག་ཆེན་ངག་དབང་ཀུན་དགའ་བཀྲ་ཤིས་དང་། ཡར་འབྲོག་གླིང་གི་ཞབས་དྲུང་ཡབ་སྲས། ཕུན་ཚོགས་གླིང་གི་དགེ་སློང་འབྱུང་གནས། སྟག་སྣ་ཏྲེ་བོ་སྤྲུལ་པའི་སྐུ། ཆབ་མདོ་འཕགས་ལྷ་རྒྱལ་བ་རྒྱ་མཚོ། སྡེ་དགེའི་བླ་མ་རབ་འབྱམས་པ། མི་དབང་བསོད་ནམས་སྟོབས་རྒྱལ། མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ་བཅས་བྱོན། གསུང་རྩོམ་ནི་གསང་བདག་དགོངས་རྒྱན་དང་། གསང་བདག་ཞལ་ལུང་། དཀྱིལ་འཁོར་བློས་བསླངས་ཀྱི་རྣམ་གཞག་གསལ་སྒྲོན་རྩ་འགྲེལ། སྡེབ་སྦྱོར་གྱི་འགྲེལ་བ་དོན་གསལ་མེ་ལོང་། སྐར་རྩིས་ཉིན་བྱེད་སྣང་བ་རྩ་འགྲེལ། དབྱངས་འཆར་གྱི་མཆན་འགྲེལ་རྒྱུ་སྐར་ཕྲེང་བ། འབྱུང་རྩིས་ཟླ་བའི་འོད་ཟེར། དབང་ཆོག་རྡོ་རྗེའི་ཐེམ་སྐས། འདུལ་བའི་ལས་ཆོག་རིན་ཆེན་ཐེམ་སྐས། འཆད་ཉན་བྱེད་ཚུལ་གྱི་ཡི་གེ་མདོར་བསྡུས། འབེལ་གཏམ། རྨི་ལམ་གྱི་ཁྲི་ཡིག་ཉིང་འཁྲུལ་རང་གྲོལ། གླུ་ཡིག་རབ་གསལ་སྣང་བ། མངོན་བརྗོད་རྒྱ་མཚོའི་ཆུ་ཐིགས། སྙན་ངག་རྒྱ་མཚོའི་སྙིང་པོ་བཅས་ཆོས་ཚན་བདུན་ཅུ་ལྷག་བཞུགས། མཚན་གཞན། ལེགས་པ་དོན་གྲུབ། བསྟན་འཛིན་འཇམ་དབྱངས་དབང་པོ། ངག་དབང་ཆོས་དཔལ། སྨིན་གླིང་ལོ་ཆེན།

{{#arraymap:ལོ་ཆེན་དྷརྨ་ཤྲཱི་

|; |@@@ | | }}