85407

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལོ་ཆེན་བྱམས་པའི་དཔལ་ (1)
Part of speech མིང་ཚིག
Definition ཁྲོ་ཕུ་ལོ་ཙཱ་བ་བྱམས་པའི་དཔལ་ཏེ། རབ་བྱུང་གསུམ་པའི་ཆུ་སྦྲུལ་ཕྱི་ལོ་༡༡༧༣ལོར་ཡབ་ཇོ་འཕན་ཞེས་པ་དང་། ཡུམ་བསྲེགས་མོ་གསལ་བྱེད་ཅེས་པ་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་དྲུག་པའི་ཐོག་བསླབས། བརྒྱད་པ་ལ་རིན་པོ་ཆེ་རྒྱལ་ཚ་དང་མཇལ། བཅུ་པའི་ཐོག་རིན་པོ་ཆེ་རྒྱལ་ཚ་དང་ཀུན་ལྡན་རས་པ་གཉིས་ཀྱིས་མཁན་སློབ་མཛད་ནས་དགེ་ཚུལ་མཛད། མཚན་ཚུལ་ཁྲིམས་ཤེས་རབ་ཏུ་བཏགས། དགུང་ལོ་བཅུ་པར་ཞང་དགེ་བ་ལས་ལོ་ཙྭ་བསླབས་པས་ཕུལ་དུ་བྱུང་བར་མཁྱེན། ལོ་དེར་རིན་པོ་ཆེ་རྒྱལ་ཚས་མཁན་པོ་དང་། སློབ་དཔོན་གཙང་དཀར་གྱིས་ལས་སློབ། ཀུན་ལྡན་རས་པས་གསང་སྟོན་མཛད་ནས་བསྙེན་པར་རྫོགས། ཉེར་བཞི་པ་ལ་བལ་ཡུལ་དུ་བྱོན། ཁ་ཆེ་པཎ་ཆེན་བུདྡྷ་ཤྲཱི་ལས་མདོ་སྔགས་ཀྱི་གདམས་པ་མང་དུ་གསན། སྔ་རྟིང་དུ་གྲུབ་ཆེན་མི་ཏྲ་ཛོ་གི་དང་པཎ་ཆེན་བུདྡྷ་ཤྲཱི་སོགས་པཎྚི་ཏ་དུ་མ་ཁྲོ་ཕུར་སྤྱན་དྲངས་ཤིང་ཡུལ་འཁོར་རྣམས་སུ་འཆད་ཉན་མཛད། ཁྲོ་ཕུ་དགོན་པར་བྱམས་ཆེན་ཁྲུ་བརྒྱད་ཅུ་བ་བཞེངས། རབ་བྱུང་བཞི་པའི་ཤིང་བྱ་ཕྱི་ལོ་༡༢༢༥ལོར་འདས།

{{#arraymap:ལོ་ཆེན་བྱམས་པའི་དཔལ་

|; |@@@ | | }}