85408

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལོ་ཆེན་རིན་ཆེན་བཟང་པོ་ (1)
Part of speech མིང་ཚིག
Definition རབ་བྱུང་མ་ཚུགས་པའི་ས་རྟ་ཕྱི་ལོ་ ༩༥༨ ལོར་མངའ་རིས་གུ་གེའི་ཡུལ་དུ་ཡབ་གཞོན་ནུ་དབང་ཕྱུག་དང་། ཡུམ་ཅོག་རོ་ཀུན་བཟང་ཤེས་རབ་བརྟན་པ་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་བཅུ་གསུམ་པར་མཁན་པོ་ཡེ་ཤེས་བཟང་པོ་ལས་རབ་ཏུ་བྱུང་། མངའ་རིས་གུ་གེའི་རྒྱལ་པོ་ཡེ་ཤེས་འོད་ཀྱིས་བཀའ་མངགས་ལྟར་ཁ་ཆེ་དང་རྒྱ་གར་སོགས་སུ་ཕེབས། པཎ་ཊི་ཏ་དོན་ལྔ་ལ་བསྟེན་ནས་མདོ་སྔགས་རིག་གནས་ཀུན་ལ་མཁས་པར་སྦྱངས། རྒྱ་གར་དང་ཁ་ཆེའི་པཎྜི་ཏ་མང་པོ་བོད་དུ་གདན་དྲངས། བཀའ་འགྱུར་དང་། བསྟན་འགྱུར་མང་པོ་བོད་ཡིག་ཏུ་བསྒྱུར། ལོ་རྒྱུས་ཐོག་ཏུ་ལོ་ཙཱ་བ་འདིའི་སྔོན་དུ་བསྒྱུར་བའི་གསང་སྔགས་ལ་གསང་སྔགས་རྙིང་མ་དང་། རྗེས་སུ་བསྒྱུར་བ་དག་ལ་གསང་སྔགས་གསར་མ་ཞེས་འབོད། འཇམ་དཔལ་མཚན་བརྗོད་འབུམ་ཕྲག་གསུམ་བཏོན། གྱ་ལྔ་པར་ཇོ་བོ་རྗེ་ལས་བདེ་མཆོག་སོགས་གསན། མངའ་རིས་སོགས་སུ་དགོན་པ་དང་གཙུག་ཁང་འགའ་བཞེངས། རྒྱལ་པོ་ལྷ་ལྡེ་ཁྲིར་འཁོད་རྗེས་རྡོ་རྗེ་སློབ་དཔོན་ཞེས་པའི་མཚན་གསོལ། མཆོད་གཞིས་ཕུལ་བས་ལོ་རྒྱུས་ཐོག་ཏུ་བླ་མ་དགོན་པར་གཞིས་ཀ་ཕུལ་བའི་སྲོལ་ཚུགས། དབུས་གཙང་དུ་བསྟན་པ་ཕྱི་དར་མ་ཚུགས་གོང་ནས་མངའ་རིས་སུ་བསྟན་པ་དར། རབ་བྱུང་དང་པོའི་ཤིང་ལུག་ཕྱི་ལོ་ ༡༠༥༥ ལོར་སྐུ་གཤེགས། སློབ་མ་གྲགས་ཆེ་བ་ནི་གུར་ཤིང་བརྩོན་འགྲུས་རྒྱལ་མཚན་སོགས་དང་། ཞུས་ཆེན་འཕེལ་བའི་ལོ་ཙཱ་བའང་བཅུ་ལྷག་ཙམ་ཡོད། བསྒྱར་རྩོམ་ནི་བཀའ་འགྱུར་གྱི་སྐོར་པོ་ཏི་བཅུ་བདུན་དང་། བསྟན་འགྱུར་གྱི་སྐོར་པོ་ཏི་སོ་གསུམ། གསང་སྔགས་ཀྱི་སྐོར་པོ་ཏི་བརྒྱ་རྩ་བརྒྱད། གསོ་བ་རིག་པ་དང་བཟོ་རིག་པ་སོགས་ཀྱི་སྐོར་པོ་ཏི་དུ་མ་བཞུགས། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་སུ་བསྒྱུར་བའི་བསྟན་བཅོས་ཞུ་དག་མཛད།

{{#arraymap:ལོ་ཆེན་རིན་ཆེན་བཟང་པོ་

|; |@@@ | | }}