85606

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལོ་སྟོན་རྡོ་རྗེ་དབང་ཕྱུག་ (1)
Part of speech མིང་ཚིག
Definition དུས་རབས་བཅུ་པའི་སྨད་དུ་གཙང་ཕྱིགས་སུ་འཁྲུངས། གཞོན་དུས་ནས་བླ་ཆེན་དགོངས་པ་རབ་གསལ་ལས་རབ་བྱུང་དང་། དགེ་ཚུལ་སློང་སྡོམ་པ་དཀྱུས་གཅིག་ཏུ་མནོས། དབུས་སུ་བྱོན་ནས་བསམ་ཡས་གཙུག་ལག་ཁང་སོགས་ཞིག་གསོས་གནང་། གཙང་ཕྱོགས་སུ་མྱང་སྨད་དུ་ཉི་མ་རྒྱན་གོང་གི་གཙུག་ལག་ཁང་བཞེངས། འདུལ་བསྟན་སྤེལ་ཞིང་འདུས་པའི་ཚོགས་བསྐྱངས། སློབ་མ་གྲགས་ཆེ་བ་ནི་རྒྱ་ཤཱཀྱ་གཞོན་ནུ་དང་། སྐྱོ་ཤེས་རབ་རྡོ་རྗེ། སྟག་ལོ་གཞོན་ནུ་བརྩོན་འགྲུས། ཨ་མེས་ཞུ་གཅིག ལར་ཤཱཀྱ་ཡོན་ཏན། ལི་བློ་གྲོས་གཞོན་ནུ། གླག་བྱང་ཆུབ་རྒྱལ་མཚན། མགར་ཤེས་རབ་བླ་མ། རྔོག་ཡེ་ཤེས་འབྱུང་གནས། གླང་བཙུན་བྱམས་པ། མགོ་བ་ཡེ་ཤེས་གཡུང་དྲུང་། ལྕེ་བཙུན་ཤེས་རབ་འབྱུང་གནས། སྐྱི་ཡེ་ཤེས་དབང་པོ། ཀོང་པོ་ཐར་པ་རིན་ཆེན། ལྕེ་བཙུན་དཀར་པོ་བཅས་ཡིན། དབུས་གཙང་གི་མཁས་པའི་མི་བཅུའི་ནང་གི་གཅིག་ཡིན།

{{#arraymap:ལོ་སྟོན་རྡོ་རྗེ་དབང་ཕྱུག་

|; |@@@ | | }}