86184

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྕང་སྐྱ་སྐུ་ཕྲེང་གསུམ་པ་རོལ་བའི་རྡོ་རྗེ་ (1)
Part of speech མིང་ཚིག
Definition འདི་བ་རབ་བྱུང་བཅུ་གཉིས་པའི་ལྕགས་བྱི་ཕྱི་ལོ་ ༡༧༡༧ ལོར། ཙོང་ཁའི་ཕྱོགས་ལང་གྲུ་སྡེ་བཞིའི་ཆར་གཏོགས་བྲག་དཀར་ལུང་དུ། ཡབ་ཆི་གྱཱ་ཚངས་པ་གུ་རུ་བསྟན་འཛིན་དང་ཡུམ་བུ་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས། ཀུན་མཁྱེན་འཇམ་དབྱངས་བཞད་པས་གོང་མའི་ཡང་སྲིད་དུ་ངོས་འཛིན་མཛད། དགུང་ལོ་བརྒྱད་པར་པེ་ཅིན་དུ་ཕེབས། ཐུའུ་བཀྭན་ངག་དབང་ཆོས་ཀྱི་རྒྱ་མཚོ་སོགས་བསྟེན་ནས། མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་ཏེ་མཁས་པའི་དབང་པོར་གྱུར། གོང་མ་ཡུང་ཀྲིང་གིས་མཚན་བསྟོད་དང་གསེར་ཐམ་ཕུལ་ཏེ་དབུ་བླར་བཀུར། པཎ་ཆེན་བློ་བཟང་ཡེ་ཤེས་ལས་དགེ་ཚུལ་དང་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། མཚན་ཡེ་ཤེས་བསྟན་པའི་སྒྲོན་མེ་ཞེས་གསོལ། གོང་མ་ཆན་ལུང་ལ་ནང་ཆོས་དང་བོད་ཡིག་བསླབས། རྒྱལ་བའི་བཀའ་འགྱུར་ལོ་ཙཱ་བ་དུ་མ་དང་མཉམ་དུ་སོག་སྐད་དུ་བསྒྱུར། ཕྱིས་མན་ཇུའི་ཡི་གེར་ཡང་བསྒྱུར། དགུང་ལོ་ཞེ་གཅིག་པར་༸གོང་ས་འཇམ་དཔལ་རྒྱ་མཚོ། ༸རྒྱལ་དབང་བདུན་པའི་སྐུ་སྐྱེར་ཐུགས་ཐག་བཅད། གསུང་ལས་སྐྱེས་པའི་སློབ་བུ་ཐུའུ་བཀྭན་ཆོས་ཀྱི་ཉི་མ་སོགས་སྐྱེས་ཆེན་དམ་པ་མང་པོ་ཡོད། དགོང་ལོ་བདུན་ཅུ་བཞེས་པ་རབ་བྱུང་བཅུ་གསུམ་པའི་མེ་རྟ་ཕྱི་ལོ་ ༡༧༨༦ ལོར་རི་བོ་རྩེ་ལྔར་དགོས་པ་རྫོགས། གསུང་རྩོམ་པེ་ཅིན་ཤིང་པར་དུ་བསྐོས་པ་པོད་བདུན་ཙམ་བཞུགས།

{{#arraymap:ལྕང་སྐྱ་སྐུ་ཕྲེང་གསུམ་པ་རོལ་བའི་རྡོ་རྗེ་

|; |@@@ | | }}