8682

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཙོས་བློ་བཟང་རྒྱལ་མཚན་སེང་གེ་ (1)
Part of speech མིང་ཚིག
Definition རབ་བྱུང་གསུམ་པའི་མེ་གླང་ཕྱི་ལོ་ ༡༧༥༧ ལོར་མདོ་སྨད་ཁྲོམ་ཐོག་ཏུ་དྲུང་འཁོར་དཀོན་མཆོག་རིན་པོ་ཆེའི་རྒྱུད་དུ་འཁྲུངས། རབ་བྱུང་བཅུ་བཞི་པའི་ས་བྱ་ཕྱི་ལོ་ ༡༨༤༧ ལོར་སྐུ་གཤེགས། ཆུང་དུས་ནས་ཁྲི་རྒྱལ་མཚན་སེང་གེའི་ཡང་སྲིད་དུ་ངོས་བཟུང། དགུང་ལོ་བདུན་པའི་ཐོག་སྐུ་གོང་མའི་གདན་སར་བཀོད། རྔ་བ་ཆོས་སྐྱོང་རྒྱ་མཚོ་ལས་གཙུག་ཕུད་བཞེས། ལྷ་མོ་ཉིན་གྱི་དཔོན་སློབ་མཁས་གྲུབ་རྒྱ་མཚོའི་དྲུང་ནས་དགེ་ཚུལ་གྱི་སྡོམ་པ་བཞེས། འཇམ་དབྱངས་ནག་པོའི་རྗེས་གནང་དང་མཚན་བརྗོད་ཀྱི་ལུང་གསན། བསྡུས་སྦྱོར་ནས་བཟུང་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས། ཉེར་གསུམ་པར་པཎ་ཆེན་བློ་བཟང་དཔལ་ལྡན་ཡེ་ཤེས་ཀྱི་དྲུང་ནས་ཐུགས་རྫོགས་བཞེས། བཀའ་ཆོས་མང་དུ་གསན། དབུས་སུ་ཕེབས་ཏེ་མཁན་པོ་སྐལ་བཟང་དོན་གྲུབ་དང་། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན། ཀློང་རྡོལ་བླ་མ་སོགས་བསྟེན། གཞུང་ལུགས་རབ་འབྱམས་ལ་ཞིབ་དཔྱོད་གནང་། ཤོག་བུ་བཅུ་གསུམ་རེ་ཉིན་ལྟར་ཐུགས་འཛིན་གནང་། ཕར་ཕྱིན་དམ་བཅའ་གནང་ཞིང་རྒྱལ་བ་རིན་པོ་ཆེས་ཨེར་ཏི་ནི་པཎྜི་ཏ་ཞེས་པའི་གཟེངས་བསྟོད་གནང། མདོ་སྨད་དུ་ཕེབས་དང་བསྟུན། རི་བོ་རྩེ་ལྔ་སོགས་སུ་གནས་མཇལ་བྱོན། ཆུ་མིག་དཀར་མོའི་དགོན་པ་གསར་འདེབས་མཛད། རྒྱལ་མོ་རོང་དང་། རྔ་བ། ར་མོ། མཛོད་དགེ་སོགས་སུ་ཕེབས། འདུས་པའི་ཚོགས་ལ་མི་ཏྲ་བརྒྱ་རྩའི་དབང་བསྐུར། ཚར་གསུམ་བཅས་ཆོས་སྦྱིན་གནང་། སླར་དབུས་སུ་ཕེབས། རྒྱལ་བ་ལུང་རྟོགས་རྒྱ་མཚོ་དང་། འགྱུར་མེད་སྐྱེས་མཆོག ངག་དབང་རྒྱ་མཚོ་སོགས་ལས་བཀའ་ཆོས་མང་དུ་གསན། ཕྱིར་མདོ་སྨད་དུ་ཕེབས། ནང་སོ་སུ་ལ་བླ་མས་སྤྱན་དྲངས་པ་ལྟར་དགོན་ཆེན་དུ་བྱོན། འདུ་ཁང་གསར་གྲུབ་ལ་རབ་གནས་མཛད། རབ་བྱུང་བཅུ་བཞི་པའི་མེ་བྱི་ཕྱི་ལོ་ ༡༨༡༦ ལོར་རོང་བོ་ཐོས་བསམ་གླིང་གི་ཁྲིར་བཞུགས། གདན་ས་ལོ་གཉིས་རིང་བསྐྱངས། ཐོག་བརྩེགས་ཅན་གྱི་བླ་བྲང་གསར་བཞེངས་གྲུབ། ཁྲི་ཟུར་རྗེས་གཙོས་དགོན་དགའ་ལྡན་ཆོས་གླིང་ཡར་ལྡན་དུ་བསྐྱངས། རོང་བོ་ཐོས་བསམ་རྣམ་རྒྱལ་གླིང་གི་གདན་སའི་མཁན་རབས་ཉེར་བདུན་པ་ཡིན། གསུང་རྩོམ་ནི་པོ་ཏི་བརྒྱད་ལྷག་ཙམ་བཞུགས། དཔར་ཤིང་ཡང་ཡོད།

{{#arraymap:གཙོས་བློ་བཟང་རྒྱལ་མཚན་སེང་གེ་

|; |@@@ | | }}