8683

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཙོས་རྒྱལ་མཚན་སེང་གེ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གཅིག་པའི་ས་རྟ་ཕྱི་ལོ་ ༡༦༧༨ ལོར་མདོ་སྨད་ཟམ་ཚའི་ཀ་དེའུ་མགོར་ཡབ་ཚེ་རིང་བཀྲ་ཤིས་དང་། ཡུམ་སྙིང་མོ་ལྕགས་གཉིས་ཀྱི་སྲས་སུ་འཁྲུངས། བཅུ་གཅིག་པར་ཏཱ་དབོན་ཚུལ་ཁྲིམས་སེང་གེ་ལས་རབ་ཏུ་བྱུང་། དགུང་ལོ་ཉེར་བདུན་པར་དབུས་སུ་ཕེབས་ཏེ་འབྲས་སྤུངས་སྒོ་མང་ཆོས་གྲྭར་ཞུགས་ཤིང་ཀུན་མཁྱེན་མཆོག་གི་དྲུང་ནས་བསྡུས་གྲྭའི་བརྩི་བཞག་གསན། པཎ་ཆེན་བློ་བཟང་ཡེ་ཤེས་ལས་དགེ་ཚུལ་དང་བསྙེན་རྫོགས་ཞུས། སོ་དགུ་པར་སྨོན་ལམ་གྲྭ་སྐོར་མཛད། ཅུང་གར་རྩོད་དུས་མཁས་པའི་རྩེར་སོན་པས་གདན་ས་གོང་བོ་འབྲུ་ལའི་མཁན་པོར་བསྐོས། ཁྲི་ཟུར་རྗེས་རྒྱུད་སྟོད་ཆོས་གྲྭར་ཞུགས། གསང་སྔགས་ལ་ཐོས་བསམ་མཛད། ཞེ་དགུ་པར་བླ་མ་དབུ་མཛད་ཐོན། ང་གཅིག་པ་ནས་ལོ་གསུམ་རིང་རྒྱུད་ཁྲི་དང་ཤར་རྩེ་ཟུང་འབྲེལ་དུ་བསྐྱངས། ང་བཞི་བ་རབ་བྱུང་བཅུ་གཉིས་པའི་ཆུ་བྱི་ཕྱི་ལོ་ ༡༧༣༢ ལོར་དགའ་ལྡན་གསེར་ཁྲིར་ཕེབས། གདན་ས་ལོ་བདུན་རིང་བསྐྱངས། དགའ་ལྡན་ཆོས་རྒྱལ་གྱི་ལྗགས་ལ་ཞིག་གསོ་དང་ན་བཟའ་རུས་རྒྱན་གསར་བ་ཕུལ། ཁྲི་ཟུར་རྗེས་ལོ་བརྒྱད་རིང་སེམས་དཔའ་ཆེན་པོ་གཞོན་ནུ་འོད་ཀྱི་གདན་སར་བཞུགས། གསེར་དངུལ་སྲང་མང་པོས་བྱང་ཆུབ་མཆོད་རྟེན་ཞིག་དགའ་ལྡན་དུ་བཞེངས། འདུ་ཁང་སྟེང་དུ་དངུལ་སྲང་སྟོང་གིས་བསྒྲུབས་པའི་གསེར་གྱི་རྒྱལ་མཚན་ཆ་བཞག རྗེའི་སྐུ་དང་བཀའ་འགྱུར་གསར་བཞེངས་སྦྱོར་འཇགས་མཛད། རེ་དགུ་པར་ཨུརྒེ་ཝང་གིས་གདན་འདྲེན་ཞུས་པ་ལྟར་མཆོད་ཡོན་ཞལ་འཛོམས། བླ་བྲང་བཀྲ་ཤིས་འཁྱིལ་དུ་ཀུན་མཁྱེན་སྤྲུལ་པའི་སྐུ་དང་མཇལ། ཐུགས་འབྲེལ་ཟབ་པར་གྱུར། བདུན་ཅུ་པར་རབ་བྱུང་བཅུ་གསུམ་པའི་ས་འབྲུག་ཕྱི་ལོ་ ༡༧༤༨ ལོར་གཙོས་བླ་བྲང་གི་གཞི་བཟུང་། དེའི་ཕྱི་ལོར་བླ་བྲང་དབང་ལྡན་ལྷུན་པོར་བཞུགས། མཚན་ཉིད་ཀྱི་འཆད་ཉན་བཙུགས། རབ་བྱུང་བཅུ་གསུམ་པའི་མེ་བྱི་ཕྱི་ལོ་ ༡༧༥༦ ལོར་སྐུ་གཤེགས། དགའ་ལྡན་གསེར་ཁྲིའི་ཁྲི་རབས་ང་གསུམ་པ་ཡིན།

{{#arraymap:གཙོས་རྒྱལ་མཚན་སེང་གེ་

|; |@@@ | | }}