87099

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྡན་མ་ཡེ་ཤེས་བཟང་པོ་ (1)
Part of speech མིང་ཚིག
Definition རབ་བྱུང་བདུན་པའི་ཤིང་ལུག་ཕྱི་ལོ་ ༡༤༡༥ ལོར་ཁམས་ལྡན་སྨད་འཁྲུངས། གཞོན་དུས་ནས་དབུས་སུ་བྱོན། འབྲས་སྤུངས་མཁན་ཆེན་དཔལ་བློ་ལས་ཕར་ཕྱིན་དང་། ཚད་མ་རྣམ་འགྲེལ། དབུ་མ་རིགས་ཚོགས། འདུལ་འཛིན་དགེ་ལེགས་དཔལ་བ་ལས་འདུལ་བ་རྣམས་གསན། གླེང་བསྲེ་བ་མཛད་པས་དེའི་སྲོལ་དེའི་ཚུགས། འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་ལས་བསྙེན་པར་རྫོགས། བློ་གསལ་གླིང་གི་འཆད་ཉན་པ་གནང་། ཤར་དུ་བྱོན་ཏེ་དབུ་མ་དང་། ཕར་ཕྱིན། ལམ་རིམ་བཅས་གསུངས། དོན་བརྒྱད་པ་རབ་བྱུང་བརྒྱད་པའི་ཆུ་གླང་ཕྱི་ལོ་ ༡༤༩༣ ལོར་དགའ་ལྡན་གསེར་ཁྲིར་བཞུགས། གསེར་ཁྲི་ལོ་དྲུག་རིང་བསྐྱངས། འཆད་ཉན་ཡར་ལྡན་དུ་མཛད། རྒྱལ་བ་བྱམས་པའི་སྐུ་བརྙན་ཆེན་པོ་བཞེངས། སློབ་མ་གྲགས་ཆེ་བ་ནི་མཁས་བཙུན་སོགས་ཡོད། དོན་དགུ་པ་རབ་བྱུང་བརྒྱད་པའི་ས་རྟ་ཕྱི་ལོ་ ༡༤༩༨ ལོར་སྐུ་གཤེགས། དགའ་ལྡན་གསེར་ཁྲིའི་ཁྲི་རབས་བཅུ་པ་ཡིན།

{{#arraymap:ལྡན་མ་ཡེ་ཤེས་བཟང་པོ་

|; |@@@ | | }}