87396

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྷ་ཆེན་བརྒྱད་ (1)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་རྒྱུད། ཤར་དུ་དབང་ཕྱུག་ཆེན་པོ་མདོག་ནག་པོ་མཚན་མ་བསྒྲེངས་པ་ལག་ན་རྩེ་གསུམ་ཐོགས་པ། ཚངས་པ་བཀོད་པའང་འདུག ལྷོར་བརྒྱ་བྱིན་དཀར་པོ་ལག་ན་རྩེ་གསུམ་གདེངས་པ་ཐོགས་པ། ནུབ་ཏུ་ཚངས་པ་སེར་པོ་པདྨ་འཛིན་པ། དབང་ཕྱུག་ཆེན་པོ་བཀོད་པའང་འདུག བྱང་དུ་ཁྱབ་འཇུག་ལྗང་གུ་ཕྱག་བཞི་པ་གཡས་འཁོར་ལོ་དང་དུང་གཡོན་དབྱུག་པ་དང་རིན་པོ་ཆེ་འཛིན་པ། ཤར་ལྷོར་ཟླ་བའི་གདན་ལ་དབང་ཕྱུག་དམར་པོ་མེའི་མདའ་གཞུ་འཛིན་པ། ལྷོ་ནུབ་ཏུ་ཚོགས་བདག་གླང་སྣ་དཀར་པོ་ཕྱག་བཞིའི་གཡས་བགྲང་ཕྲེང་དང་ལ་ཕུག་གཡོན་དགྲ་སྟ་དང་ལ་དུའི་སྣོད་འཛིན་པ། ནུབ་བྱང་དུ་བྷྲིང་གི་རི་ཏི་ནག་པོ་བུམ་པ་འཛིན་པ། བྱང་ཤར་དུ་གཞོན་ནུ་གདོང་དྲུག་ལྗང་གུ་མདུང་རྩེ་གསུམ་འཛིན་པའོ། །དེ་རྣམས་སངས་རྒྱས་ཉིད་འཇིག་རྟེན་པས་འདུལ་བའི་སེམས་ཅན་རྣམས་ལ་དེ་དང་དེའི་རྣམ་པར་སྤྲུལ་ནས་གདུལ་བྱ་སོ་སོའི་དོན་མཛད་པའོ་ཞེས་ཤར་བླ་མའི་རྣམ་བཤད་གཞན་ཕན་མཛེས་རྒྱན་ལས་སོ། ། དབང་ཕྱུག་ཆེན་པོ། བརྒྱ་བྱིན། ཚངས་པ། ཁྱབ་འཇུག དབང་ཕྱུག། ཚོགས་བདག། བྷྲིང་གི་རི་ཏི། གཞོན་ནུ་གདོང་དྲུག་སྟེ་ལྷ་ཆེན་བརྒྱད་དོ་ཞེས་སྡེ་གཞུང་ཆོས་འཕེལ་གྱི་ཀུན་རིག་རྣམ་བཤད་ལས་སོ། ། ལྷ་ཆེན་བརྒྱད་ཀྱི་ཕྱག་རྒྱ་ནི། ཐལ་མོ་སྦྱར་བ་ལས་དབུས་མ་གསུམ་བཀུག་སྟེ་རྩེ་སྤྲད་ཐ་མ་བཞི་བསྐྱེད་པ་ནི་ལྷ་རྣམས་ཀྱིའོ་ཞེས་ངོར་ཆེན་ཀུན་དགའ་བཟང་པོའི་ཀུན་རིག་གི་སྒྲུབ་ཐབས་སྒྲིབ་པ་རྣམ་སེལ་ལས་སོ། །
Domain ཆོས་ལུགས།

{{#arraymap:ལྷ་ཆེན་བརྒྱད་

|; |@@@ | | }}