87465

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྷ་བཙུན་བློ་བཟང་ནོར་བུ་ཤེས་རབ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གཅིག་པའི་མེ་སྦྲུལ་ཕྱི་ལོ་ ༡༦༧༧ ལོར་སྐུ་འཁྲུངས། དགུང་ལོ་དགུ་པ་ཤིང་གླང་ཕྱི་ལོ་ ༡༦༨༥ ལོར་འཕགས་པ་བརྩོན་འགྲུས་བཟང་པོ་ལས་དགེ་བསྙེན་དང་རབ་བྱུང་བསྒྲུབས། ཉི་ཤུ་པ་རབ་བྱུང་བཅུ་གཉིས་པའི་མེ་བྱི་ཕྱི་ལོ་ ༡༦༩༦ ལོར་སློབ་དཔོན་བློ་བཟང་དམ་པ་དཔལ་བཟང་པོ་ལས་དགེ་ཚུལ་གྱི་སྡོམ་པ་མནོས། ཉེར་བདུན་པ་རབ་བྱུང་བཅུ་གཉིས་པའི་ཆུ་ལུག་ཕྱི་ལོ་ ༡༧༠༣ ལོར་རྒྱ་ནག་ཏུ་ཕེབས། མཁན་པོ་བཀའ་འགྱུར་བ་བློ་བཟང་ཚུལ་ཁྲིམས་ལས་བསྙེན་པར་རྫོགས། ཆོས་རྗེ་བློ་བཟང་ཞི་བ་ལས་མདོ་སྔགས་ཀྱི་ཆོས་མང་དུ་ཞུས། འཆད་རྩོད་རྩོམ་གསུམ་ལ་མཁས་པའི་གོ་འཕང་བརྙེས། འདས་ལོ་མི་གསལ། གསུང་རྩོམ་ནི་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་བྱ་ཚུལ། བཅོམ་ལྡན་འདས་རྡོ་རྗེ་མི་འཁྲུགས་པའི་ཆོ་ག དཔལ་རྡོ་རྗེ་རྣམ་པར་འཇོམས་པའི་ཆོ་ག། ཇོ་ལུགས་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒྲུབ་ཐབས། ནཱ་རོ་མཁའ་སྤྱོད། བདེ་མཆོག་ལྷན་སྐྱེས། དོན་ཞགས་ལྷ་ལྔ་བ་རི་ལུགས་ཀྱི་སྒྲུབ་ཐབས། ཡི་དམ་རྒྱ་མཚོའི་སྒྲུབ་ཐབས་རིན་ཆེན་འབྱུང་གནས་ཀྱི་ལྷན་ཐབས་གསལ་བའི་མེ་ལོང། ཟབ་པ་དང་རྒྱ་ཆེ་བའི་དམ་པའི་ཆོས་ཀྱི་ཐོབ་ཡིག་གསལ་སྒྲོན་སོགས་མདོ་སྔགས་ཀྱི་པོད་བདུན་ཙམ་བཞུགས།

{{#arraymap:ལྷ་བཙུན་བློ་བཟང་ནོར་བུ་ཤེས་རབ་

|; |@@@ | | }}