87466

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྷ་བཙུན་བློ་བཟང་བསྟན་འཛིན་རྒྱལ་མཚན་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གཅིག་པའི་ས་ཡོས་ཕྱི་ལོ་ ༡༦༣༩ ལོར་འཁྲུངས། དགུང་ལོ་ལྔ་པར་ནམ་མཁའ་བསོད་གྲགས་ལས་ཚེ་དབང་ཞུས། མཚན་ལ་ཆོས་ཀྱི་རྡོ་རྗེ་ཞེས་གསོལ། དྲུག་པར་རྗེ་བློ་བཟང་ཡར་འཕེལ་ལས་ཡི་གེའི་སྦྱོར་ཀློག་དང་སྡེབ་སྦྱོར་བཅས་ལ་སྦྱངས། བདུན་པར་དེ་ཉིད་ལས་དགེ་བསྙེན་བསྒྲུབས། མཚན་ལ་བློ་བཟང་བསྟན་འཛིན་རྒྱལ་མཚན་ཞེས་སྩལ། པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་གྲུབ་ཆེན་རྗེ་དཔོན་ལེགས་ཚོགས་ལྷུན་གྲུབ་ཀྱི་སྐུ་སྐྱེར་ངོས་བཟུང་། ཆོས་རྒྱལ་འཕྲིན་ལས་རྒྱ་མཚོ་ལས་དབང་ལུང་ཁྲིད་གསུམ་མང་དུ་གསན། འཕན་ཡུལ་སྨན་པ་ཀུན་དགའ་བྱང་ཆུབ་ལས་གསོ་རིག་དང་། སྐར་རྩིས། སོག་ཡིག་སོགས་སྦྱངས། དབུས་སུ་བྱོན་ནས་རྒྱལ་དབང་ལྔ་པ་ལས་འཇིགས་བྱེད་སོགས་ཀྱི་དབང་ལུང་ཞུས། གཙང་བཀྲ་ཤིས་ལྷུན་པོའི་རྒྱུད་པ་གྲྭ་ཚང་དུ་ཞུགས། ཆོ་ག་ཕྱག་ལེན་དང་བཅས་པར་མཁས་པར་སྦྱངས། ཉི་ཤུ་པར་པཎ་ཆེན་བློ་བཟང་ཆོས་རྒྱན་ལས་བསྙེན་པར་རྫོགས། སོག་ཡུལ་དགོན་གསར་བཀྲ་ཤིས་དགེ་འཕེལ་གླིང་དུ་རྒྱུན་བཞུགས་མཛད། ལྔ་བཅུའི་ནང་སྐུ་གཤེགས་གཤེགས། འདས་ལོ་མི་གསལ། གསུང་རྩོམ་ནི་རྩིས་གཞུང་བླང་དོར་གསལ་བའི་འོད་ཟེར་དང་། འབྲས་རྩིས་ལེགས་བཤད་ཀུན་བཏུས། རྩིས་གཞུང་མུན་སེལ་སྒྲོན་མེ། བདེ་བ་ཅན་གྱི་འཕོ་བའི་གདམས་ངག སྙིང་པོ་དོན་གསུམ་གྱི་ཁྲིད་ཡིག་བྱམས་མགོན་ཕོ་ཉ། རྗེ་གནང་གི་སྐོར། གཏོར་ཆེན་དྲུག་ཅུ་པའི་ལག་ལེན་ངག་འདོན་གསལ་བར་བཀོད་པ་གནམ་ལྕགས་སྤུ་གྲི། བསླབ་བྱ་གཞན་ཕན་སྙིང་པོ། རྡོ་རྗེ་འཇིགས་བྱེད་ཀྱི་ཞི་བའི་སྦྱིན་སྲེག་ངག་འདོན་དུ་བྱ་བའི་རིམ་པ། རྗེ་བཙུན་སྒྲོལ་མའི་ཆོ་ག་འཆི་མེད་བདུད་རྩི་བཅས་པོད་བཞི་བཞུགས། མཚན་གཞན། ཆོས་ཀྱི་རྡོ་རྗེ།

{{#arraymap:ལྷ་བཙུན་བློ་བཟང་བསྟན་འཛིན་རྒྱལ་མཚན་

|; |@@@ | | }}