87492

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྷ་བློ་གྲོས་འོད་ (1)
Part of speech མིང་ཚིག
Definition རབ་བྱུང་ལྔ་པའི་ཤིང་བྱ་ཕྱི་ལོ་ ༡༢༨༥ ལོར་ཡབ་མངའ་བདག་གྲགས་པ་རིན་ཆེན་དང་། ཡུམ་ལྷ་གཅིག་རྡོ་རྗེ་གཉིས་ཀྱི་སྲས་སུ་འཁྲུངས། ལོ་ཙཱ་བ་གྲགས་པ་རྒྱལ་མཚན་དང་། སློབ་དཔོན་ཀུན་དགའ་སོགས་བཤེས་གཉེན་མང་པོར་ལས་མདོ་སྔགས་རིག་གནས་ཀུན་ལ་མཁས་པར་སྦྱངས། དབང་དང་གདམས་ངག་ཀྱང་མང་དུ་ཞུས། སྤྱིལ་བུར་ལྷ་ཟུར་ཁང་པ་ལས་ཆོས་མང་དུ་གསན། དགེ་བསྙེན་གྱི་སྡོམ་པ་མནོས། མཁན་པོ་ལྷག་རུ་བ་དང་སྦས་པ་སྟོན་གཞོན་གཉིས་ལས་རབ་ཏུ་བྱུང། མཚན་ལ་བློས་གྲོས་འོད་ཅེས་གསོལ། ཉི་ཤུ་པར་མཁན་སློབ་དེ་གཉིས་ལས་བསྙེན་པར་རྫོགས། ལྷ་ཟུར་ཁང་བ་དབང་ཕྱུག་ཡེ་ཤེས་ལས་གཞུང་གདམས་ངག་མ་ལུས་པར་ཞུས། ལྷག་ཏུ་བློ་སྦྱོང་དོན་བདུན་མ་བཅས་ཡོངས་སུ་གྲགས་པ་དང་མ་གྲགས་པའི་སྙན་བརྒྱུད་དང་། ཁ་ཆེ་པཎ་ཆེན་ནས་བརྒྱུད་པའི་གདམས་ངག་པ་ཟབ་མོ་རྣམས་གསན། སྦས་པ་སྟོན་གཞོན་ལས་ཤེར་ཕྱིན་དང་། མཁན་པོ་གཞོན་ཚུལ་ལས་འདུལ་བ་བཅས་གསན། ཉེར་བདུན་པ་རབ་བྱུང་ལྔ་པའི་ལྕགས་ཕག་ཕྱི་ལོ་ ༡༣༡༡ ལོར་ལྷ་ཟུར་ཁང་པ་དབང་ཕྱུག་ཡེ་ཤེས་ཀྱིས་དུང་རིན་པོ་ཆེ་དང་། འཕེལ་གདུང་། ཤཱ་རིའི་བུའི་ལྷུང་བཟེད། ནཱ་རོའི་རུས་རྒྱན། ཇོ་བོ་རྗེའི་ཕྱག་དྲིལ། ཕྱག་རྡོར། པོ་ཏོ་སོགས་གཙུག་ལག་ཁང་རྣམས་ཀྱི་ལྡེ་མིག་གནང་། སྤྱིལ་བུའི་དགོན་གྱི་གདན་སར་བསྐོས། གདན་ས་ལོ་ངོ་བཞི་བཅུའི་རིང་བསྐྱངས། བསྟན་འཛིན་གྱི་སྐྱེས་བུ་མང་དུ་གསོ་སྐྱོང་མཛད། སྤྱིལ་བུའི་དགོན་གྱི་མངའ་ཐང་དར་རྒྱས་མཛད། རེ་དྲུག་པ་རབ་བྱུང་དྲུག་པའི་ལྕགས་སྟག་ཕྱི་ལོ་ ༡༣༥༠ ལོར་སྐུ་གཤེགས། འཆད་ཁ་གསར་མ་དང་སྤྱིལ་བུའི་དགོན་གྱི་གདན་རབས་དྲུག་པ་ཡིན།

{{#arraymap:ལྷ་བློ་གྲོས་འོད་

|; |@@@ | | }}