8790

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཞན་དོན་རྗེས་དཔག་ (1)
Part of speech མིང་ཚིག
Definition གཞན་དོན་རྗེས་དཔག་རང་ཉིད་ཀྱིས། །མཐོང་བ་གཞན་ལ་སྟོན་པའི་ངག ། གཞན་དོན་གྱི་མཚན་ཉིད་ནི། རང་གིས་མཐོང་བའི་རྟགས་གཞན་ལ་སྟོན་པའི་ངག་གོ ། འདིར་རྗེས་དཔག་ཤེས་པ་ཡིན་ལ་འདི་ངག་ཡིན་པས་རྗེས་དཔག་དངོས་མ་ཡིན་ཡང་རང་གིས་རྟོགས་པའི་འབྲས་བུ་གཞན་གྱིས་རྟོགས་པའི་རྒྱུ་ལ་བཏགས་ནས་རྗེས་དཔག་ཏུ་གསུངས་སོ། །ཞེས་འཇམ་མགོན་ས་པཎ་གྱི་རིགས་གཏེར་རང་འགྲེལ་ལས་སོ། ། ཀུན་མཁྱེན་གོ་རམས་པའི་རིགས་གཏེར་གསལ་བྱེད་ལས་ནི། སྔར་རྒོལ་རང་གིས་མཐོང་བའི་རྟགས་ཀྱི་ཚུལ་གསུམ། སྐབས་སུ་བབས་པའི་ཕྱིར་རྒོལ་ལ་སྒྲ་སྐྱོན་དང་བྲལ་བར་སྟོན་པར་བྱེད་པའི་ངག་གོ ། འདི་དང་སྒྲུབ་ངག་ཡང་དག་གཉིས་མིང་གི་རྣམ་གྲངས་ཡིན་པས། མཚན་ཉིད་སྔ་མ་དེ་ཉིད་ཀྱིས་གཉིས་ཀ་མཚོན་ནུས་ཤིང། དེ་ལ་རྗེས་དཔག་གི་མིང་གིས་འདོགས་པའི་རྒྱུ་མཚན་ནི། གཞན་ཕྱིར་རྒོལ་གྱི་རྒྱུད་ལ་རྗེས་དཔག་བསྐྱེད་པའི་རྒྱུ་ཡིན་པའི་ཕྱིར་ན། འབྲས་བུའི་མིང་གིས་རྒྱུ་ལ་བཏགས་པའོ། །ཞེས་སོ། །
Domain ཚད་མ།

{{#arraymap:གཞན་དོན་རྗེས་དཔག་

|; |@@@ | | }}

གཞན་དོན་རྗེས་དཔག་ (2)
Part of speech མིང་ཚིག
Definition མཚན་ཉིད། རྗེ་ཙོང་ཁ་པའི་སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་ལས། གཞན་དོན་རྗེས་དཔག་གམ་སྒྲུབ་ངག་ཡང་དག་གི་མཚན་ཉིད། རྒོལ་བ་རང་གིས་ཚད་མས་གྲུབ་པའི་རྟགས་ཀྱིས་ཚུལ་གསུམ་ཕྱིར་རྒོལ་ལ་ལྷག་ཆད་མེད་པར་སྟོན་པའི་ངག་ཡན་ལག་གཉིས་ལྡན། དབྱེ་ན་(ཆོས་མཐུན་སྦྱོར་གྱི་སྒྲུབ་ངག་ཡང་དག་དང་ཆོས་མི་མཐུན་སྦྱོར་གྱི་སྒྲུབ་ངག་ཡང་དག་)གཉིས། ཞེས་གསུངས།
Synonyms གཞན་དོན་རྗེས་དཔག ། སྒྲུབ་ངག་ཡང་དག ། རང་རྒྱུད་ཀྱི་སུན་འབྱིན་ཡང་དག

{{#arraymap:གཞན་དོན་རྗེས་དཔག་

|; |@@@ | | }}