88330

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྷོ་བྲག་ཕྱོགས་སུ་དར་བའི་དགེ་ལྡན་པའི་དགོན་སྡེ་བཅུ་ (1)
Part of speech མིང་ཚིག
Definition འགྲོ་བ་དགོན་ནི། ཁྲི་སྲོང་གི་ཆོས་བློན་ཤུད་བུ་དཔལ་སེང་གི་རྒྱུད་པ་ཤུད་བུ་མཁན་ཆེན་ཟླ་བ་རྒྱལ་མཚན་གྱིས་བཏབ། ཨང་དང་གྲྭ་གྲངས་བཞི་བཅུ་ཞེ་གཉིས་སྐོར། དེའི་ལྟག་གི་ཁྱུང་ཚང་དགོན་ཡང་ཤུད་བུ་ཟླ་བ་རྒྱལ་མཚན་གྱིས་བཏབ། ཨང་དང་གྲྭ་གྲངས་བདུན་ཅུ་དོན་བཞི་སྐོར། གློ་བོ་དགོན་ནི། ཤུད་བུ་སེང་གེ་བཟང་པོས་བཏབ། ཨང་གསུམ་གྲྭ་བཙུན་སུམ་ཅུ་སོ་སྐོར། གདང་དགོན་གསར་ནི། གདང་པའི་ཞལ་ངོ་བློ་གྲོས་དཔལ་འབྱོར་གྱིས་བཏབ། ཨང་དང་གྲྭ་གྲངས་བཞི་བཅུ་ཞེ་གསུམ་སྐོར། གཏམ་ཤུལ་བཀྲ་ཤིས་ཆོས་གླིང་ནི། འཕྱོང་རྒྱས་པ་མགོན་པོ་བྱང་ཆུབ་པས་བཏབ་པར་གྲགས་ཀྱང་། རྗེ་བླ་མ་མཆོག་གིས་བཀྲ་ཤིས་བདེ་ཆེན་དཀར་ཆག་ཏུ་ཡར་ཀླུངས་རི་བོ་ཆོས་གླིང་དང་འདི་གཉིས་ཆོས་རྗེ་དོན་གྲུབ་དཔལ་བས་བཏབ་པར་གསུངས་པ་དོན་ལ་གནས། ཨང་དང་གྲྭ་གྲངས་བརྒྱ་དང་བཅུ་དགུ་སྐོར། བཙན་གྲོ་འབུར་ཐོག་དགོན་ནི། འདེབས་མི་བཀྲ་ཤིས་ཆོས་གླིང་དང་མཚུངས། ཨང་དང་གྲྭ་གྲངས་བཞི་བཅུ་སྐོར། ཡུག་ནམ་སྟེང་ནི། ཤུད་བུ་ཟླ་བ་རྒྱལ་མཚན་པས་བཏབ། ཨང་དང་གྲྭ་གྲངས་སུམ་ཅུ་སོ་བརྒྱད་སྐོར། མཚོ་སྣ་ལྷུན་གྲུབ་བདེ་ཆེན་ནི། གཏེར་སྟོན་རཏྣ་གླིང་པའི་སྐུ་རྟོལ་ལེ་པ་ཟེར་བས་བཏབ། ཨང་གཉིས་བཙུན་མ་ཉི་ཤུ་སྐོར། གྲོ་ཤུར་མདོ་མཁར་ཆོས་སྡེ་ནི། གནུབས་སྟོན་ཤེས་རབ་གྲགས་པས་བཏབ། ཨང་དང་གྲྭ་གྲངས་བརྒྱད་ཅུ་གྱ་གསུམ་སྐོར། མོན་མཚོ་སྣའི་ས་སྟེང་། བླ་མ་ལེགས་པ་རྒྱལ་མཚན་གྱིས་བཏབ། ཨང་དང་གྲྭ་གྲངས་བརྒྱད་ཅུ་གྱ་བརྒྱད་སྐོར་བཅས་སོ། །

{{#arraymap:ལྷོ་བྲག་ཕྱོགས་སུ་དར་བའི་དགེ་ལྡན་པའི་དགོན་སྡེ་བཅུ་

|; |@@@ | | }}