8885

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཞན་སྟོང་བླ་བརྒྱུད་ (1)
Part of speech མིང་ཚིག
Definition ཇོ་ནང་། དཔལ་རྒྱལ་བ་ཇོ་ནང་པའི་ལུགས་ཀྱི་གཞན་སྟོང་བླ་མ་བརྒྱུད་པའི་རིམ་པ་ནི། བཅོམ་ལྡན་ཐུབ་པའི་དབང་པོ་ནས། རྗེ་བཙུན་བྱམས་པ་མགོན་པོ། འཕགས་པ་ཐོགས་མེད། རྒྱལ་སྲས་དབྱིག་གཉེན། གངྒཱ་མཻ་ཏྲིའི། ཨ་ཝ་དྷུ་ཏཱི་པ་ཆེན་པོ་དགའ་བ་གྲགས་པ། ཁ་ཆེ་བ་འབྱུང་གནས་ཞི་བའི་ཞབས། བྲམ་ཟེ་སཛྫ་ན། གཟི་ལོ་ཙཱ་བ་དགའ་བའི་རྡོ་རྗེ། སྡོམ་བརྩོན་དམ་པ་བཙན་རིགས་ཁ་བོ་ཆེ་དྲི་མེད་ཤེས་རབ། ལ་སྟོད་པ་དར་མ་བརྩོན་འགྲུས། དོལ་པ་གཉན་ཡེ་ཤེས་འབྱུང་གནས། འཇད་སྟོན་སྐུ་མཆེད་ཟུང་སྟེ། བྱང་ཆུབ་སྐྱབས་དང་། གཞོན་ནུ་བྱང་ཆུབ། སྐྱོ་སྟོན་སྨོན་ལམ་ཚུལ་ཁྲིམས། བཅོམ་ལྡན་རིགས་པའི་རལ་གྲི། སྐྱི་སྟོན་འཇམ་པའི་དབྱངས། ཀུན་མཁྱེན་དོལ་པོ་པ་ཆེན་པོ། ཉ་དབོན་ཀུན་དགའ་དཔལ། ཆོས་དཔལ་མགོན་པོ། བློ་གྲོས་བཟང་པོ་རྒྱ་མཚོ། བྱམས་མགོན་གཉིས་པར་གྲགས་པ་དོན་ཡོད་དཔལ། པཎ་ཆེན་ཤཱཀྱ་མཆོག་ལྡན། དོན་ཡོད་གྲུབ་པ། འཇམ་མགོན་གྲུབ་པའི་དཔའ་བོ། ཀུན་དགའ་རྒྱལ་མཚན། གྲགས་ལྡན་གྲུབ་པའི་ཞབས། སྒྲོལ་བའི་མགོན་པོའམ་རྗེ་བཙུན་ཏཱ་ར་ནཱ་ཐ་བཅས་དང་། ཡེ་ཤེས་འབྱུང་གནས་ཀྱི་རྗེས་ལ་དགེ་བཤེས་ཐོ་གར་གནམ་ལྡེ་འཇུག་པའང་ཡོད་མོད་མི་དགོས་ལ། འདི་ལ་བརྒྱུད་པའི་ཁྱད་པར་གཞན་འཇད་སྟོན་སྐུ་མཆེད་ཀྱི་རྗེས་ལ་ཞང་མྱ་ངན་མེད། ལོ་མཆོག་པ། སྤང་ལོ། བྱང་རྩེ། ཉ་དབོན་སོགས་དེད་ཀྱང་ཆོག་པར་གྲགས་ལ། ཐོགས་མེད་སྐུ་མཆེད་ཉེ་བརྒྱུད་ལ་མི་དགོས་ཀྱང་ལུགས་འདིའི་ཤིང་རྟའི་སྲོལ་འབྱེད་ཡིན་པའི་ཕྱིར་ངེས་པར་འཇུག་དགོས་ལ། རྣམ་པ་གཅིག་ཏུ་རིང་བརྒྱུད་ལ་མོས་ན་སྐུ་མཆེད་ཀྱི་རྗེས་སུ་བློ་གྲོས་བརྟན་པ། ཡོན་ཏན་བློ་གྲོས། གང་སྤེལ། དྷརྨ་མ་ཏི། བྷ་བྱ་མི་ཏྲ། རཏྣ་མི་ཏྲ། ཤནྟི་པ། མཻ་ཏྲི་བ་རྣམས་བརྒྱུད་པ་ཡིན་པས་དེ་བཞིན་འདེད་ལ། ཡང་གཞན་སྟོང་གི་ལྟ་བའི་རིམ་པ་ཀླུ་སྒྲུབ་ནས་བརྒྱུད་པ་ནི། སྟོན་པ་ཐུབ་པའི་དབང་པོ། ཕྱག་ན་རྡོ་རྗེ། སྒྲ་གཅན་འཛིན་བཟང་པོ། ཀླུ་སྒྲུབ། ཤ་ཝ་རི། མཻ་ཏྲི་བ་མན་ཆད་སྔར་བཞིན་ནོ། །འདི་ནི་འཁོར་ལོ་ཐ་མའི་མདོ་དགོངས་འགྲེལ་དང་བཅས་པ་ཐམས་ཅད་ཀྱི་དགོངས་དོན་གཅིག་ཏུ་དྲིལ་བའི་དམར་ཁྲིད་ཀྱི་བརྒྱུད་པ་ཡིན་ལ། བྱམས་ཆོས་སྡེ་ལྔ་སོ་སོའི་ཁྲིད་ལ་བརྒྱུད་པ་ཐ་དད་དུ་ཡོད་དོ། །
Domain ལོ་རྒྱུས།

{{#arraymap:གཞན་སྟོང་བླ་བརྒྱུད་

|; |@@@ | | }}