89310

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཤིང་ཚ་ (1)
Part of speech མིང་ཚིག
Definition ལོ་མང་སྐྱེ་བའི་ཤིང་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། སྡོང་པོ་སྦོམ་ལ་རྒྱས་ཤིང་མཁྲེགས་པ་ཕྱི་པགས་རྫ་མདོག་ནང་སེར་སྨུག་ཡལ་ག་དང་ཡལ་ཕྲན་མང་པོ་གྱེས་པ་དང༌། ལོ་མ་སྔོ་ལྗང་མཐུག་ལ་མཁྲེགས་ཤིང་འཇམ་པར་འོད་མདངས་ཡོད་པའི་སྟོད་སྨད་ཕྲ་ཞིང་དཀྱིལ་ཞེང་ཆེ་བའི་མཐའ་མཉམ་ཞིང་རྩེ་རྣོ་ལ་རྩ་རིས་འབུར་དུ་དོན་པ་རེ་རེས་མོས་བྱས་ཏེ་སྐྱེ་ཞིང༌། མེ་ཏོག་དཀར་པོ་ཆུང་བར་འདབ་མ་དྲུག་དང་ལྡན་པ་བརྩེགས་པའི་མེ་ཏོག་བང་རིམ་དུ་འཆར་བ་སྟེ། སྨན་དུ་དགོས་པ་ནི་ཤིང་འདིའི་ཤུན་པ་ཡིན་པས་ཁ་དོག་ཁམ་སྨུག་ནང་ངོས་སྙོམས་ཤིང་དམར་བ། ཕྱི་ངོས་ཅུང་ཟད་རྩུབ་ལ་གཉེར་རིས་དང་གས་ཤུར་ཅུང་ཡོད་པ། རིང་ཐུང་དང་ཞེང་ཆེ་ཆུང་རི་རིགས་ལ་གཡས་གཡོན་མཐའ་གཉིས་ནང་དུ་འདྲིལ་བ་ཞིག་སྟེ། འདྲ་དཔེར། ཤིང་ཚ་ཟངས་ཀྱི་ཝ་ཆུང་འདྲ། །ཞེས་གསུངས་པ་ལྟར། མཆོག་དམན་ཡང་བཅད་ཁ་དམར་སྨུག་སྣུམ་ཉམས་ཅན་མཁྲེགས་ལ་ལྕི་བ། རོ་མངར་ཞིང་ཚ་བ། དྲི་ངད་ཆེ་བ་བཟང་ཞིང་དེ་ལས་ལྡོག་པ་རྣམས་དམན། ཁམ་སེར་ཤིན་ཏུ་མཐུག་པ་དྲི་རོ་སོགས་དམན་པ་ནི་དྭ་ཚ་ཞེས་གོང་མ་ལས་ཞན་པ་ཡིན་ཏེ། བོད་ཀྱི་སྤོ་ཡུལ་དང༌། མེ་ཏོག་རྫོང༌། དེ་མིན་རྒྱ་གར་དང༌། རྒྱ་ནག་གི་ཀོང་ཏུང༌། ཀོང་ཤིའི། ཡུན་ནན་སོགས་སུ་སྐྱེ་བ་མང༌། ཤུན་པ་སྟོད་དཔྱིད་གང་རུང་ལ་བཤུས་ཏེ་ཉི་མར་སྐམ་རྒྱུ་དང༌། བེད་སྤྱོད་སྐབས་སུ་ཕྱི་དྲེག་ནག་པོ་གཙང་མ་བཟོས་ཐོག་སྨན་དུ་སྤྱོད་རྒྱུ། རོ་མངར་ལ་ཚ་བ། ཞུ་རྗེས་མངར་བ། ནུས་པ་སྣུམ་ཞིང་དྲོ་བས་ཕོ་བའི་ནད་དང༌། མཆིན་པ། གྲང་རླུང་བཅས་ཀྱི་ནད་སེལ་ཞིང་དྲོད་སྐྱེ་བ་དང༌། རླུང་ནད་སེལ་ཞིང་གློ་རྣག་འདྲེན་པར་བྱེད། དྭ་ཚ་ཞེས་པགས་པ་མཐུག་པས་བུད་མེད་ཀྱི་ཚབས་ནད་ལ་ཕན་པར་བཤད་པ་ཡིན།
Synonyms ཀཉྩ་ཐ། ཏྲ་ཙ། དྭ་ཚ། པགས་འདབ། ཤུན་འདབ། ཤིང་ཤུན། ཡན་ལག་མཆོག འཛིན་བྱེད་རབ་མཆོག ལུས་མཆོག་ཅན། ལོ་མ་ལེགས། འགྲོ་ལྡིང་སྐྱེས། ཆོ་ག་ཅན། རིག་བྱེད་གདོང་།

{{#arraymap:ཤིང་ཚ་

|; |@@@ | | }}