89739

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཤེར་ཕྱིན་གྱི་ལམ་ (1)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་བླ་མེད་རྒྱུད། དུས་འཁོར་སྦྱོར་དྲུག ཇོ་ནང་། རྡོ་རྗེའི་རྣལ་འབྱོར་འདི་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། རྒྱལ་བའི་ཡུམ་ལས། གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་དུ་བྱེད་པ་དེ་ནམ་མཁའ་ལ་རྣལ་འབྱོར་དུ་བྱའོ། །ཀོའུ་ཤི་ཀ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་དུ་བྱེད་པ་དེ། བླ་གམ་མེད་པ་ལ་རྣལ་འབྱོར་དུ་བྱའོ། །ཞེས་གསུངས་ཏེ། དཔེར་ན་མི་སྤྱིའི་མཚན་ཉིད་བསྟན་པས། འཛམ་བུ་གླིང་པའི་མིའི་མཚན་ཉིད་ཀྱང་བསྟན་པར་འགྱུར་བ་བཞིན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལམ་སྤྱིའི་མཚན་ཉིད་གསལ་བར་བསྟན་པས་རིག་པ་འཛིན་པའི་ལམ་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཡང་ངེས་པར་བསྟན་པ་ཡིན་ནོ། །འདི་ཉིད་སོ་སོར་སྡུད་པ་ཁོ་ན་ལ་སྦྱར་ན། ནམ་མཁའ་ལ་རྣལ་འབྱོར་དུ་བྱ་བ་ནི་མཚན་མོའི་རྣལ་འབྱོར་དང་། བླ་གམ་མེད་པ་ལ་རྣལ་འབྱོར་དུ་བྱ་བ་ནི་ཉིན་མོའི་རྣལ་འབྱོར་རོ། ། ཡན་ལག་དྲུག་པོ་མཐའ་དག་ལ་སྦྱར་ན། སོར་བསམ་གཉིས་ཀྱི་སྐབས་སུ་མཚན་མོ་དང་། ཉིན་མོའི་རྣལ་འབྱོར་ལ་དེ་གཉིས་རིམ་ཅན་དུ་སྦྱར་ཞིང་། སྲོག་འཛིན་ནི་ཨ་ཝ་དྷཱུ་ཏཱིའི་ནམ་མཁའ་ལ་རྣལ་འབྱོར་དུ་བྱེད་པ་དང་། རྗེས་དྲན་ཡང་སྟོང་གཟུགས་ཀྱི་ནམ་མཁའ་ལ་རྣལ་འབྱོར་དུ་བྱེད་པ་དང་། ཏིང་ངེ་འཛིན་གྱི་རླུང་དང་བྱང་ཆུབ་ཀྱི་སེམས་ཀྱི་བགྲོད་པ་མཐའ་དག་སྟེང་ནས་སྟེང་དུ་འགགས་པའི་ཕྱིར་བླ་གམ་མེད་པ་ལ་རྣལ་འབྱོར་དུ་བྱེད་པའོ། །
Domain ཆོས་ལུགས།

{{#arraymap:ཤེར་ཕྱིན་གྱི་ལམ་

|; |@@@ | | }}