8981

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཞི་ཆེན་དབོན་སྤྲུལ་ཐུབ་བསྟན་ལུང་རྟོགས་རྒྱ་མཚོ་ (1)
Part of speech མིང་ཚིག
Definition རབ་བྱུང་ ༡༥ ཆུ་ཕོ་ཁྱི་ཕྱི་ལོ ༡༩༢༢ ལོར་ཡབ་དཀར་མགོན་དང་ཡུམ་ཨ་སྐྱོང་དཔོན་གྱི་རྒྱུད་པ་བྱེ་གཤོང་དཔོན་བཟའ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། གསར་རྙིང་རིས་མེད་ཀྱི་བླ་སྤྲུལ་མང་པོས་ལུང་བསྟན་པ་ལྟར་ཆུང་ངུའི་དུས་ནས་གཞི་ཆེན་དགོན་དུ་ཆོས་ཁྲིར་མངའ་གསོལ། ཕྱི་ལོ་ ༡༩༣༨ ལོར་ཀཿཐོག་དགོན་དུ་བྱོན། ཕྱི་ལོ ་༡༩༤༢ ལོར་ཤུགས་འབྱུང་སྤྲུལ་སྐུ་ཚུལ་ཁྲིམས་བཟང་པོའི་མདུན་ནས་གསར་རྙིང་གི་ཆོས་ཚན་མང་དུ་གསན། དབང་མདའི་གྱང་སྤྲུལ་རིན་པོ་ཆེ་དོན་ཡོད་རྡོ་རྗེའི་མདུན་ནས་དགེ་ཚུལ་གྱི་སྡོམ་པ་མནོས། གཞུང་ཆེན་ཁག་ལ་སློབ་གཉེར་དང་འཇུག་ཊིཀ་དགོངས་པ་རབ་གསལ་གྱི་བཀའ་ཁྲིད་མནོས། ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་ལ་བྲོས་བྱོལ་དུ་ཕེབས་དགོས་བྱུང་། ཕྱི་ལོ་ ༡༩༦༢ ལོར་སྦག་ས་ཆོས་སྒར་དུ་ཕེབས་ནས་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་སྒོར་ཞུགས། གྲྭ་ཚང་གི་མཁན་རིན་པོ་ཆེ་ཧར་གདོང་ངག་དབང་བློ་བཟང་དང་། ཀླུ་འབུམ་པ་རྒན་ཡོན་ཏན་རྒྱ་མཚོ། ཐེ་བོ་དཀོན་མཆོག་རྒྱ་མཚོ་སོགས་བསྟེན་ནས་གཞུང་ཆེན་ཁག་ལ་སློབ་གཉེར་གནང་། རྒྱལ་དབང་བཅུ་བཞི་པ་ཆེན་པོའི་མདུན་ནས་བསྙེན་པར་རྫོགས། དགེ་ལུགས་རྒྱུགས་སྤྲོད་བརྒྱུད་དགེ་བཤེས་ལྷ་རམས་པའི་མཚན་རྟགས་བཞེས། རྒྱལ་དབང་བཅུ་བཞི་པའི་བཀའ་ལྟར་འབྲུག་སྐྱབས་མགོན་འཇིགས་མེད་པདྨ་དབང་ཆེན་གྱི་ཡོངས་འཛིན་གནང་། ཕྱི་ལོ་ ༡༩༨༡ ལོར་འབྲས་སྤུངས་ཚོགས་ཆེན་དང་གྲྭ་ཚང་སྤྲུལ་སྐུའི་མཚན་གནས་བཞེས། ཕྱི་ལོ་ ༡༩༨༥ ལོར་རྒྱལ་བའི་བཀའ་དགོངས་ལྟར་རང་ཡུལ་མདོ་སྨད་དུ་ཕེབས། གཞི་ཆེན་མཁར་དམར་གསང་སྔགས་བསྟན་རྒྱས་གླིང་། སྟག་རྩེ་བསམ་འགྲུབ་གླིང་། རཀྲྃ་བྱམས་པ་གླིང་གཙོས་གཞི་ཆེན་དགོན་མ་ལག་རྣམས་ལ་ཟབ་ཆོས་འཆད་སྤེལ་དང་། དགེ་ཚུལ་སློང་གི་སྡོམ་རྒྱུན་གནང་། ཡུལ་སྡེ་ཁག་ལ་མ་ཎི་དུང་སྒྲུབ་སོགས་དགེ་སྒྲུབ་སྡིག་སྤོང་གི་མཛད་པ་རྒྱ་ཆེར་སྤེལ། མཐར་བོད་བྱུང་བཅུ་བདུན་པའི་མེ་གླང་ལོའི་ཟླ་བ་དྲུག་པའི་ཉེར་ལྔ་ལ་དགོངས་པ་ཆོས་དབྱིངས་སུ་ཐིམ།

{{#arraymap:གཞི་ཆེན་དབོན་སྤྲུལ་ཐུབ་བསྟན་ལུང་རྟོགས་རྒྱ་མཚོ་

|; |@@@ | | }}