89923

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཞེས་བྱ་བའི་འགྲེལ་པ་ (1)
Part of speech མིང་ཚིག
Definition སློབ་དཔོན་སེང་གེ་བཟང་པོས་མཛད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཞེས་བྱ་བའི་འགྲེལ་པ། རྒྱ་གར་གྱི་མཁན་པོ་བདྱཱི་ཀ་ར་པྲ་བྷཱ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་དཔལ་བརྩེགས་ཀྱིས་བསྒྱུར་ཞིང་ཞུས་ཏེ་གཏན་ལ་ཕབ། སླད་ཀྱིས་པཎྜི་ཏ་དཔལ་གོ་མི་འཆི་མེད་ལ་སོགས་པ་དང་། ལོ་ཙཱ་བ་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་ལེགས་པར་གཏན་ལ་ཕབ་པ། འདི་ལ་མངོན་རྟོགས་རྒྱན་གྱི་འགྲེལ་པ་དོན་གསལ་ཞེས་བྱའོ། །བུ་སྟོན་ཆོས་འབྱུང་དུ་དཀར་ཆག་མཆིམས་ཕུ་མ་དང་འཕང་ཐང་མར་མངོན་པར་རྟོགས་པའི་རྒྱན་རྒྱ་ཆེར་འགྲེལ་པ་བམ་པོ་དྲུག་ཅེས་འབྱུང་བ་དེ་འདི་ལ་འཁྲུལ་ལམ་གཞན་ཡོད་བརྟགས་པར་བྱའོ། །ཞེས་འཁོད། བསྟན་འགྱུར་ཤེར་ཕྱིན་ཇ་པར་བཞུགས།

{{#arraymap:ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཞེས་བྱ་བའི་འགྲེལ་པ་

|; |@@@ | | }}