90203

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཤོང་རྡོ་རྗེ་རྒྱལ་མཚན་ (1)
Part of speech མིང་ཚིག
Definition ལ་སྟོད་ལྷོའི་དཔྱད་ལུང་ཤར་ཟེར་བའི་ཡུལ་ཚོའི་བོང་ར་ཞེས་པར་སྐུ་བལྟམས། ས་སྐྱའི་འགྲོ་མགོན་ཆོས་རྒྱལ་འཕགས་པ་རིན་པོ་ཆེ་དང་དུས་མཉམ་པས་རབ་བྱུང་བཞི་པའི་ལྕགས་བྱི་ཕྱི་ལོ་༡༢༤༩ ལོའི་ཡས་མས་སུ་འཁྲུངས་པར་སྣང་། སྐུ་གཞོན་ནུའི་དུས་ནས་རབ་ཏུ་བྱུང་ཞིང་གོ་ལུང་བ་མདོ་སྡེ་རྒྱལ་མཚན་གྱི་དྲུང་དུ་དུས་འཁོར་ཆགས་ལུགས་དང་། བདེ་ཀྱེེ་ཕྲེང་བའི་སྐོར་གསུམ་སོགས་རྒྱུད་སྡེའི་ཆོས་མང་དུ་གསན། གར་ཐིག་དང་རྩིས་ལ་སོགས་པ་མཁས་པར་སྦྱངས་བརྩོན་མཛད། གཟའ་གསལ་བར་བྱེད་པའི་སྒྲོན་མེ་སོགས་རྩིས་ཀྱི་བསྟན་བཅོས་མང་དུ་ཕྱག་རྩོམ་གནང་། འགྲོ་མགོན་འཕགས་པ་རིན་པོ་ཆེས་ཤོང་ལོའི་ཐུགས་འདུན་བཞིན་བདག་རྐྱེན་གནང་ནས་རབ་བྱུང་བཞི་པའི་ཤིང་གླང་ཕྱི་ལོ ༡༢༦༥ ལོར་བལ་ཡུལ་དུ་ལོ་ཙཱ་སློབ་ཏུ་བྱོན་ཏེ་པཎྜི་ཏ་ས་དབང་བཟང་པོའི་དྲུང་ནས་སྒྲ་དང་། སྙན་ངག སྡེབ་སྦྱོར། ཟློས་གར། མངོན་བརྗོད་སོགས་རིག་གནས་ཆུང་བ་ལྔ་གཙོ་བོར་བྱང་ཆུབ་པ་གསན་སྦྱོང་མཛད། ཁྱད་པར་དུ་སྒྲ་རིག་པ་ལ་ཕུལ་དུ་ཕྱིན། ས་སྐྱར་ཕྱིར་ཕེབས་ཏེ་ཐོག་མར་དུས་འཁོར་རྒྱུད་འགྲེལ་ཤོང་འགྱུར་ལེགས་པ་རང་དུ་བརྩི་བ་འདི་མཛད། དེ་རྗེས་སུ་འཕགས་ཡུལ་རྡོ་རྗེ་གདན་དུ་བྱོན་ནས་མ་ཧཱ་བོ་ངྷི་ལ་མཆོད་པ་དང་སྐོར་བ་མཛད་ཅིང་། རྒྱ་གར་གྱི་པཎྜི་ཏ་ལཀྵིམཱ་ཀ་ར་བོད་དུ་གདན་དྲངས་ནས་བླ་མ་དམ་པ་ཆོས་ཀྱི་རྒྱལ་པོ་ལ་བསྟོད་པ། འཇིག་རྟེན་དབང་ཕྱུག་གི་བསྟོད་པ་བརྒྱ་པ། རིག་པ་འཛིན་པ་སྤྲེིན་གྱི་བཞོན་པའི་སྐྱེས་རབས་ཀླུ་ཀུན་ཏུ་དགའ་བའི་ཟློས་གར། བྱང་ཆུབ་སེམས་དཔའི་རྟོགས་པ་བརྗོད་པ་དཔག་བསམ་འཁྲི་ཤིང་། ཀ་ལཱ་པའི་ཏི་ལ་སོགས་པའི་མཐའི་བྱ་བ་རྣམ་པར་དཔྱད་པ། ལུང་སྟོད་པ་ཙནྡྲ་པའི་མདོ། སྙན་ངག་གི་གཞུང་ཆེན་མེ་ལོང་མ། སྡེབ་སྦྱོར་གྱི་དཔེར་བརྗོད་སྟོན་པ། སྡེབ་སྦྱོང་གྱི་ཕྲེང་བའི་བསྟོད་པ། འཕགས་པ་འཇམ་དཔལ་གྱི་བསྟོད་པ་བྲྀ་ཏ་མ། བཟློག་པ་བསྡུས་པ་རྩ་འགྲེལ་སོགས་རིག་གནས་ཀྱི་གཞུང་ལུགས་དང་། བསྟན་བཅོས་མང་དུ་བསྒྱུར་གནང་བ་མ་ཟད། མངོན་བརྗོད་ཀྱི་བསྟན་བཅོས་ཆེན་པོ་འཆི་མེད་མཛོད་ལ་འགྱུར་མཆན་ཡང་བཀོད། སློབ་མ་གཙོ་བོ་ནི་གང་གི་དབོན་པོ་ཤོང་ལོ་ཙཱ་བ་བློ་གྲོས་བརྟན་པ་ཡིན་ཅིང་། དེ་ལ་སློབ་མ་གཙོ་བོ་ལོ་ཙཱ་བ་མཆོག་ལྡན་ལེགས་པའི་བློ་གྲོས་བྱུང་། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་པ་དང་བཅས་པ་རྒྱ་ཆེ་ལ་ཟབ་ཅིང་གཏིང་དཔག་དཀའ་བ། ཚིག་བརླིང་ཞིང་སྡེབ་སྦྱོར་བྱིངས་ཆེ་བས་ཆེན་པོ་རྣམས་ཀྱིས་ཀྱང་ཉམས་སུ་ལེན་དཀའ་བས། སྔོན་བྱུང་གི་ལོ་ཙཱ་བ་དག་གིས་ཀྱང་མ་འགྱུར་བ་དང་ལོག་པར་བསྒྱུར་བ་དང་། རྣམ་གྲངས་གཞན་དང་ཕྱོགས་རེ་བ་དང་། ཐལ་བར་བསྒྱུར་པ་ལ་སོགས་ཞུ་ཆེན་མཛད་པའི་གླེགས་བམ་དང་། ཀླུ་རྣམས་ཀུན་ཏུ་དགའ་བའི་ཟློས་གར་མཐོང་བའི་དགེ་བ་དང་རྗེས་སུ་ཡི་རང་བ་ཁྱད་པར་ཅན་སྐྱེས་ཞེས་རབ་ཏུ་བསྔགས། སྒྲ་སྒྱུར་རྣམས་ཀྱི་གཙུག་གི་ནོར་བུར་གྱུར།

{{#arraymap:ཤོང་རྡོ་རྗེ་རྒྱལ་མཚན་

|; |@@@ | | }}