9217

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཞུང་པ་དགེ་བཤེས་འཇམ་དབྱངས་ཡེ་ཤེས་ (1)
Part of speech མིང་ཚིག
Definition ཁོང་ནི། མདོ་སྨད་ལྷོ་རྒྱུད་ཀྱི་སའི་ཆ་སྒྱིས་ཚང་སྤང་རི་ཁུལ་གྱི་འགག་གསུམ་སྡེ་བར། གླང་ཕག་སྟག་ཐར་གྱི་ཁྱིམ་ཚང་དུ། བོད་རབ་བྱུང་ ༡༥ ལྕགས་མོ་ཕག་ཕྱི་ལོ་ ༡༩༡༡ ལོར་འཁྲུངས། གཞོན་ནུ་ཉིད་ནས་ཁུལ་དེའི་སྤང་རི་དགོན་པར་རབ་ཏུ་བྱུང། དགུང་ལོ་ཉེར་བདུན་པ་རབ་བྱུང་བཅུ་དྲུག་པའི་མེ་གླང་ཕྱི་ལོ ༡༩༣༧ ལོར་ཀུན་མཁྱེན་ལྔ་བ་བསྟན་པའི་རྒྱལ་མཚན་དབུས་ཕེབས་སྐབས་ལྷན་ཕེབས་གནང་སྟེ་དཔལ་ལྡན་བཀྲ་ཤིས་སྒོ་མང་གི་ཆོས་གྲྭར་ཞུགས། དགེ་བཤེས་ཚུལ་ཁྲིམས་རིན་པོ་ཆེ་སོགས་ཀྱི་ཞབས་རྡུལ་གཙུག་གིས་མནོས་ཏེ་གཞུང་ཆེན་བཀའ་པོད་ལྔ་ལ་སྦྱངས་པ་མཐིལ་ཕྱིན་གནང། ཕྱི་ལོ་ ༡༩༥༦ ལོར་ལྷ་ལྡན་སྨོན་ལམ་ཆེན་མོར་དགེ་བཤེས་ལྷ་རམས་པའི་གྲྭ་སྐོར་དམ་བཅའ་དཔེ་མེད་མཛད། དགུང་ལོ་ཞེ་དགུ་པ་ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་དུ་ཕེབས། གོང་ས་མཆོག་གིས་རྒྱུད་སྨད་པའི་མཁན་པོར་བསྐོ་བཞག་མཛད། ༡༩༧༥ ལོའི་བོད་ཟླ་བརྒྱད་པའི་ཚེས་ཉེར་ལྔ་ལ་ཐུགས་དམ་ཟབ་མོ་ལ་གཞོལ་བཞིན་པའི་ངང་སྐུ་མྱང་ངན་ལས་འདས། ལོ་ཤས་རྗེས་སུ་གཞུང་པ་ཁང་ཚན་དང་དགེ་ཕྲུག་རྒྱལ་མཚན་རྣམ་གྲོལ་ཐུན་མོང་ནས་གོང་ས་སྐྱབས་མགོན་ཆེན་པོར་ཡང་སྲིད་སྐོར་སྙན་སེང་ཞུས་པར་བཀའ་ལས། དག་ཞིང་ནས་འདིར་ཕེབས་པའི་ཐུགས་དགོངས་གཏད་མི་འདུག་ཕེབས་པས་དེ་མུར་བཞག་གོ །

{{#arraymap:གཞུང་པ་དགེ་བཤེས་འཇམ་དབྱངས་ཡེ་ཤེས་

|; |@@@ | | }}