92321

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སུ་ཏུ་ཆོས་ཀྱི་བློ་གྲོས་ཨོ་རྒྱན་བསྟན་པ་རྣམ་རྒྱལ་ (1)
Part of speech མིང་ཚིག
Definition ཀཿ་ཐོག་སི་ཏུ་གཉིས་པ་མཆོག་ནི་རབ་མྱོས་ལྕགས་འབྲུག་ལོར་ཉག་རོང་ལྕགས་མདུད་པའི་མི་རྒྱུད་སྤོས་མདོ་སྦྲ་གསར་ཚང་སར་མཚོ་ཕུ་སྒྲུབ་ཆེན་ཆོས་དབྱིངས་རང་གྲོལ་གྱི་དབོན་པོར་འཁྲུངས། དགེ་རྩེ་པཎ་ཆེན་གྱིས་ངོས་འཛིན་དང་གདན་སར་བཀོད། སྒྲུབ་ཆེན་རིན་པོ་ཆེ་དང༌། རྨོག་རྩ་ཆོས་དབྱིངས་རྡོ་རྗེ། ཉིན་དགོན་བྱ་བྲལ་བ་ནམ་མཁའ་རྡོ་རྗེ། ཛཿསྤྲུལ་བསོད་ནམས་རྣམ་རྒྱལ། ཉིན་དགོན་ངེས་དོན་བསྟན་འཛིན། ཟེ་པཎ་མཐུ་སྟོབས་རྣམ་རྒྱལ་སོགས་བླ་མ་མང་པོ་བསྟེན་ནས་མཁས་བཙུན་བཟང་པོའི་ཡོན་ཏན་ཚད་མེད་པས་མངོན་པར་མཐོ་ཞིང་ཀཿཐོག་པའི་སྒྲིག་ལམ་ཀུན་སྤྱོད་དག་ཐེར་ལེགས་བཅོས་མཛད། ལུང་རྟོགས་གཉིས་ཀྱི་བསྟན་པ་ལ་ཐོས་བསམ་སྒོམ་པའི་འབྲས་བུ་ཚད་དུ་ཕྱིན། སྐུ་ཚེའི་སྨད་ལ་དཔལ་སྤྲུལ་ཆོས་ཀྱི་དབང་པོའི་གསུང་གིས་བསྐུལ་བ་བཞིན་བླ་བྲང་གི་གཞིས་ཀ་དང་གྲྭ་འཁོར་སོགས་སྤངས་ནས་བྱ་གཏོང་རྣལ་འབྱོར་ཚུལ་གྱིས་ངེས་མེད་རི་ཁྲོད་རྣམས་སུ་ཕེབས། གསུང་རྩོམ་པུ་ཏི་ཀ་གཉིས་ཙམ་བཞུགས། མདོ་སྔགས་ཀྱི་ཆོས་ཚུལ་རྒྱ་མཚོ་ལྟ་བུ་ལ་འཆད་ཉན་དང་སློབ་ཁྲིད་གནང༌། ཞལ་སློབ་ཀྱི་གཙོ་བོ་སྐུ་ཞབས་ཡོན་ཏན་མགོན་པོ། ལྕམ་སྤྲུལ་རྡོ་རྗེ་འཆང་དཀོན་མཆོག་ཆོས་འཕེལ། གླིང་སྤྲུལ་ཐུབ་བསྟན་རྒྱལ་མཚན་འོད་ཟེར། ཛཿསྤྲུལ་ཀུན་བཟང་རྣམ་རྒྱལ། དགེ་རྩེ་མཁྱེན་རབ་ཉི་མ། ཉིན་དགོན་གཞན་ཕན་རྡོ་རྗེ། རྒྱལ་དཔོན་བསྟན་འཛིན་ནོར་བུ། མཁན་རྒན་རིག་འཛིན་རྒྱ་མཚོ། ཁྲོམ་དགེ་མདོ་སྔགས་བསྟན་འཛིན། རིག་འཛིན་མཐུ་སྟོབས་གླིང་པ་སོགས་དང༌། ཁྱད་པར་ནང་ཐུགས་ཀྱི་སྲས་ཨ་འཛོམ་འབྲུག་པ་རིན་པོ་ཆེ་གཙོས་མཁས་བཙུན་ཅན་གྱི་སྐྱེས་ཆེན་མང་དུ་བྱོན། སྐུ་ཚེའི་སྨད་ལ་གླིང་གཤིས་བྱང་དཀར་དགོན་དུ་ཕེབས་ཏེ་སྨིན་ལུགས་བཀའ་སྒྲུབ་ཆེན་གཏོར་ཟློག་བཅས་ཀྱི་ཕྱག་སྲོལ་རྒྱུན་འཇགས་གནང༌། དེ་ནས་མཚོ་ཕུར་ལོ་ཤས་བཞུགས། འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་མདུན་དུ་བྱོན་ནས་སྤྲུལ་སྐུ་བྱོན་རྒྱུའི་ཐུགས་གྲོས་ཞིབ་ཏུ་མཛད་ནས་སླར་མཚོ་ཕུར་ཞབས་པད་བཀོད་དེ་ཞི་བར་གཤེགས་སོ། །

{{#arraymap:སུ་ཏུ་ཆོས་ཀྱི་བློ་གྲོས་ཨོ་རྒྱན་བསྟན་པ་རྣམ་རྒྱལ་

|; |@@@ | | }}