92554

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སེ་བ་ལུང་དགོན་ (1)
Part of speech མིང་ཚིག
Definition དཔལ་སྟག་ལུང་ཐང་པའི་སྒྲུབ་གནས་རྫོང་དྲུག་གི་ཡ་གྱལ་དབུ་རུ་སེ་བ་ལུང་། ཁུ་བྱུག་རོལ་པའི་རྫོང་ལ་ཆགས་པའི་སྟག་ལུང་པའི་གྲུབ་མཐའ་འཛིན་པའི་དབེན་དགོན་ཞིག་ཡིན། ཕྱི་ལོ་ ༡༥༠༡ ལོར་སྟག་ལུང་པའི་གདན་རབས་བཅོ་ལྔ་པ་ཆོས་རྗེ་རྣམ་རྒྱལ་གྲགས་པ་ཀུན་སྤངས་མཛད་པས་གནས་འདིར་སྒོམ་གྲྭ་འདུས་སྟེ་རིམ་གྱིས་འཕེལ་རྒྱས་སུ་གྱུར་པ་དང་། དུས་རབ་བཅུ་དྲུག་པའི་སྨད་དུ་རྗེ་བཙུན་བཀྲ་ཤིས་དཔལ་གྲུབ་གནས་འདིར་སྒྲུབ་པ་ཡུན་རིང་མཛད་ཅིང་།ཉམས་གསོ་དང་གསར་བསྐྲུན་གཉིས་ཀ་གནང་བས། འདུལ་བའི་གཞི་གསུམ་ཉམས་ལེན་དང་། སྟག་ལུང་པའི་རྒྱུ་སྡེའི་ཕྱག་ལེན་མཐའ་དག་ཚང་པའི་རི་ཁྲོད་དགོན་སྡེ་ཞིག་ཏུ་གྱུར་ཏེ། གྲྭ་ཚང་ནང་དུ་དགེ་འདུན་པ་ཁ་ཙང་དང་།གཡས་ཡོན་བྲག་ཕུག་དང་རི་ཁྲོད་རྣམས་སུ་སྒོམ་པ་པོ་ཡང་མང་ཉུང་ཅི་རིགས་ཤིག་དུས་སྐབས་མ་འདྲ་བའི་འགྲོས་དང་མཐུན་པ་བྱུང་མྱོང་ཡོད་པ་རེད། དུས་རབ་བཅོ་བརྒྱད་པའི་སྟོད་དུ་སྟག་ལུང་པའི་གདན་རབས་ཉེར་བརྒྱད་པ་མ་སྤྲུལ་བསྟན་པའི་ཉི་མའི་དངོས་སློབ་གྲུབ་དབང་གང་ཤར་དབང་བྱེད་སེ་བ་ལུང་དུ་གཏན་བཞུགས་མཛད་པའི་དེ་ནས་བཟུང་གང་ཤར་སྤྲུལ་སྐུ་རིམ་བྱོན་རྣམས་ཀྱིས་དགོན་བདག་མཛད་བཞིན་ཡོད། རིག་གསར་སྐབས་རྩ་གཏོར་ཐེབ་ཀྱང་ལོ་རབས་བརྒྱད་ཅུའི་སྨད་ཙམ་ལ་གང་ཤར་རིན་པོ་ཆེས་རིམ་བཞིན་བསྐྱར་བཞེངས་ལེགས་གྲུབ་བྱུང་མོད། ཁོང་རྟེན་ཁྱིམ་པ་སོང་སྟབས་དགོན་པར་རྒྱུན་བཞུགས་ཐུབ་ཀྱི་མེད་པས་དགེ་འདུན། ཇེ་ཉུང་དུ་འགྲོ་བ་སོགས་བྱུང་བར་རྟེན། སྟག་ལུང་པའི་གདན་རབས་སོ་གསུམ་པ་རྩེ་སྤྲུལ་ཐུབ་བསྟན་རྒྱལ་མཚན་ནས། གདན་ས་སྟག་ལུང་ནས་བླ་བསྐོས་དགེ་འདུན་པ། གཅིག་གཅིག་གིས་གཙོས་གྲྭ་རྒྱུན་གཏོང་གནང་མཛད་ཅིང་། བླ་བསྐོས་པ་དེ་ལ། ལོ་གྲངས་ངེས་མེད་ཀྱི་རྗེ་ལེན་དགོས་པའི་སྲོལ་བཙུགས་སྟབས། འདུས་པའི་གྲངས་འཕེལ་རྒྱས་སུ་གྱུར་ཡོད་པ་བཅས་ཀྱི་སྐབས་སོ། །

{{#arraymap:སེ་བ་ལུང་དགོན་

|; |@@@ | | }}