92950

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སེམས་ཉིད་ངལ་གསོའི་ཁྲིད་ (1)
Part of speech མིང་ཚིག
Definition ཇོ་ནང་། སེམས་ཉིད་ངལ་གསོའི་ཟབ་ཁྲིད་འདི་ཉིད་ཇོ་ནང་ཀུན་དགའ་གྲོལ་མཆོག་གིས་འཕགས་བོད་ཀྱི་རིས་སུ་མ་ཆད་པའི་མཁས་གྲུབ་རྣམས་ཀྱི་ཟབ་ཁྲིད་བརྒྱ་དང་བརྒྱད་ཕྱོགས་གཅིག་ཏུ་བསྡུས་པའི་ཟབ་ཁྲིད་ཀྱི་རིམ་པ་བརྒྱད་པ་ཡིན། བརྗོད་བྱ། སྐྱབས་སེམས་སྔོན་དུ་བཏང་ཏེ། བཅའ་བ་ལུས་ཀྱི་ཕྱག་རྒྱ། བརྗོད་པ་ངག་གི་ཕྱག་རྒྱ། སྒོམ་པ་ཡིད་ཀྱི་ཕྱག་རྒྱ་དང་གསུམ་གྱི་སྒོ་ནས་ཐོག་མེད་ནས་སེམས་ངལ་བ་གསོ་བའི་ཐབས་ཟབ། རིག་པའི་རང་སོ་འཛིན་པའི་ཏིང་ངེ་འཛིན་ཐོག་བར་ཐ་གསུམ་དུ་ཉམས་སུ་ལེན་ཚུལ་བསྡུས་ཏེ་བསྟན་ཡོད། བརྒྱུད་རིམ་ནི། ཁ་སར་པ་ཎི་བློ་གྲོས་རིན་ཆེན་དང་། །ཏེ་ལོ་རོལ་རྡོར་མི་ཏྲ་བྱམས་པ་དཔལ། །བླ་ཆེན་བསོད་དབང་སེམས་དཔའ་ཡང་རྩེ་བ། །རིན་ཆེན་གྲུབ་དང་རིན་ཆེན་རྣམ་པར་རྒྱལ། །གྲགས་པ་རྒྱལ་མཚན་ཚུལ་ཁྲིམས་རྒྱལ་མཚན་དང་། །མཁྱེན་རབ་ཆོས་རྗེ་ཀུན་སྤངས་ཆོས་ཀྱི་ཉི། །ཞེས་སོགས་དང་། རྗེ་བཙུན་གྲོལ་མཆོག་ཆོས་སྐུ་ལྷ་དབང་གྲགས། །ཞེས་པ་ནས། འཇིགས་མེད་རྡོ་རྗེ་རྣམས་ལ་གསོལ་བ་འདེབས། །ཞེས་པའི་བར་ནི། སྤྱན་རས་གཟིགས་ཀྱི་ཁྲིད་ལྟར་དང་། ཟབ་ཁྲིད་འདི་ནི་གཞུང་དེ་ཉིད་ལས། ཡང་རྩེ་བའི་ཁྲིད་ཡིག་ལས་བཏུས་སོ། །ཞེས་འབྱུང་ངོ་། །
Domain ཆོས་ལུགས།

{{#arraymap:སེམས་ཉིད་ངལ་གསོའི་ཁྲིད་

|; |@@@ | | }}