93717

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སོར་མོ་བཞི་བ་ (1)
Part of speech མིང་ཚིག
Definition དོང་ག་དང་དོན་གཅིག་སྟེ། སྡོང་པོ་རིང་བའི་ཤིང་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། སྡོང་པོ་འཇམ་ལ་ཁ་དོག་སྐྱ་དཀར་ཅན། ཡལ་ག་ནས་ཡལ་ཕྲན་གྱེས་ཤིང་ལྡེམ་པ་དང༌། ལོ་མ་ལྗང་ནག་ཆ་གྲངས་སྒྲོ་དབྱིབས་ཅན་གཡས་གཡོན་རེར་བཞི་རེའམ་བརྒྱད་རེ་ཡོད་པ། ལོ་མའི་རྒྱབ་ལྗང་སྐྱ་སྤུ་ཆུང་ཅན་ཁ་སྤྲོད་དུ་སྐྱེ་བ། མེ་ཏོག་སེར་པོ་ཆུང་ཞིང་འདབ་མ་མང་བ་བརྩེགས་ལྡན་བང་རིམ་དུ་སྡོང་པོ་དང་ལོ་མའི་ངར་པའི་མཚམས་ནས་འཆར་བ། གང་བུ་ཁམ་ནག་ཕྲ་ཞིང་ཀ་རིལ་དབྱིབས་རིང་ཐུང་ཁྲུ་གང་ཙམ་ཡོད་པ་ཐུར་དུ་འཕྱང་ནས་སྐྱེ་ཞིང༌། སྨིན་པའི་ཚེ་མདོག་སྨུག་ཅིང་ཁོང་པ་སྟོང་ལ་ཚིགས་པ་མང་བའི་ཚིགས་མཚམས་རེ་རེའི་བར་དུ་འབྲུ་གུ་ཁམ་སེར་སྲ་མཁྲེགས་འཇམ་ལ་འོད་དང་ལྡན་པ་རེ་ཡོད་པ་སྟེ། ཡུན་ནན་ཞིང་ཆེན་དང༌། ཀོང་ཤིས། ཀོང་ཏུང༌། ཀྲུང་ནན་གླིང་ཕྲན་སོགས་ལྷོ་ཕྱོགས་ཀྱི་ས་ཁུལ་ཁག་དང༌། རྒྱ་གར། བལ་ཡུལ། འབྲས་ལྗོངས། འབར་མ་སོགས་ཀྱི་ནགས་གསེབ་དང༌། གྲོང་ཚོའི་འགྲམ་སོགས་སུ་སྐྱེ་བ། གང་བུའམ་འབྲུ་གུ་བོད་ཟླ་བརྒྱད་པ་ཙམ་ལ་བཏུས་ཏེ་ཕྱི་པགས་བཤུས་ནས་ནང་གི་འབྲུ་གི་ཚི་ཅན་བླངས་རྗེས་ཐད་ཀར་གཏོང་བའམ་ཧམ་རུལ་མ་ཤོར་བར་བསྐམས་ནས་སྤྱོད་རྒྱུ། ཡང་ན་འབྲས་བུའམ་གང་བུ་ཤིང་སྡོང་ལོགས་སུ་རང་བཞིན་གྱིས་སྨིན་སྐམ་ཟིན་པ་དང༌། སར་ལྷུང་བ་སྒྲུག་སྟེ་གང་མ་བཟོས་རྗེས་ཐད་ཀར་སྤྱད་ཆོག རོ་མངར་ལ་ཚ་བ། ཞུ་རྗེས་མངར་བ། ནུས་པ་ལྕི་ཞིང་བསིལ་སྣུམ་པས་མཆིན་དུག་ཕོག་པ་སོགས་མཆིན་པའི་ནད་རྣམས་འཇམ་པོར་སྦྱོང་བར་བྱེད། དེ་མིན་ཡན་ལག་སྐྲངས་པ་དང༌། ཤིང་རིགས་ཀྱི་དུག་ཕོག་པ་སོགས་ལ་ཕན་པ་ཡིན།

{{#arraymap:སོར་མོ་བཞི་བ་

|; |@@@ | | }}