9435

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཟའ་ཆེན་བརྒྱད་ (1)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་རྒྱུད། ཉི་མ་དང་ཟླ་བ་ལ་སོགས་པའི་གཟའ་ཆེན་བརྒྱད་ནི། ཤར་དུ་སྟན་ནང་ཚང་ཅན་ལ་པ་སངས་དཀར་པོ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཤིང་ཐོག་འཛིན་པ། ལྷོར་ཟླ་བའི་གདན་ལ་ཕུར་བུ་སྔོན་པོ་སྟོད་གཡོགས་སེར་པོ་ཅན་གཡས་པོ་ཏི་གཡོན་ཆོས་འཆད་པའི་ཚིག་དྲན་པའི་ཚུལ་གྱིས་གནས་པ། ནུབ་ཏུ་ངང་པ་སེར་པོ་ལ་ཟླ་བ་དཀར་པོ་ཨུཏྤལ་ཐོགས་པ། བྱང་དུ་སྟན་ནང་ཚང་ཅན་དཀར་པོ་ལ་ལྷག་པ་སེར་པོ་རྒྱན་གྱིས་བརྒྱན་པ་གཡས་མཆོག་སྦྱིན་གཡོན་ཨུཏྤལ་འཛིན་པ། ཤར་ལྷོར་སྟན་ནང་ཚང་ཅན་ལ་མིག་དམར་པོ་གཡས་བུམ་པ་ཆུས་གང་བ་དང་གཡོན་མགལ་མེ་འཛིན་པ། ལྷོ་ནུབ་ཏུ་སྒྲ་གཅན་དུད་ཀ་བཞིན་ཁྲོས་པ་མཆེ་བ་གཙིགས་པ། སྐྲ་སེར་པོ་གྱེན་དུ་བརྫེས་པ་ལག་གཉིས་ཐལ་མོ་སྦྱར་བ་སྐེད་པ་མན་ཆད་སྦྲུལ་མཇུག་ཅན་སྤྲིན་གསེབ་ཏུ་འདུག་པ། ནུབ་བྱང་དུ་རྟ་ལྗང་གུའི་གདན་ལ་ཉི་མ་དམར་པོ་གོ་ཆ་གྱོན་ནས་ལག་ན་པདྨ་འཛིན་པ། བྱང་ཤར་དུ་སྟན་ནང་ཚང་ཅན་ལ་སྤེན་པ་ནག་པོ་རྒྱན་མེད་པ་སྐྲ་བཤིགས་པ་དབྱུག་ཏོ་ཐོགས་པའོ། །དེ་རྣམས་སངས་རྒྱས་ཉིད་འཇིག་རྟེན་པས་འདུལ་བའི་སེམས་ཅན་རྣམས་ལ་དེ་དང་དེའི་རྣམ་པར་སྤྲུལ་ནས་གདུལ་བ་སོ་སོའི་དོན་མཛད་པའོ་ཞེས་ཤར་བླ་མའི་ཀུན་རིག་རྣམ་བཤད་གཞན་ཕན་མཛེས་རྒྱན་ལས་སོ། །
Domain ཆོས་ལུགས།

{{#arraymap:གཟའ་ཆེན་བརྒྱད་

|; |@@@ | | }}

གཟའ་ཆེན་བརྒྱད་ (2)
Part of speech མིང་ཚིག
Definition གཡེན་ཁམས་ཀྱི་ཁོངས་སུ་གཏོགས་ཞིང་ཀུན་དབྱིངས་ཀྱི་ལྷའི་ཡང་འཁོར་ཡིན། བརྒྱད་ནི། གཟའ་ཡི་རྒྱལ་པོ་པ་ཝ་སངས། གཟའ་ཡི་བློན་པོ་མིག་དམར། གཟའ་ཡི་དགེ་བསྙེན་ཕུར་བུ། གཟའ་ཡི་སྐོས་མཁན་ལྷག་པ། གཟའ་ཡི་འོད་གསལ་ཟླ་བ། གཟའ་ཡི་ཐུགས་རྗེ་ཉི་མ། གཟའ་ཡི་ཕྱག་ཚང་སྤེན་པ། གཟའ་ཡི་ཕྱག་བརྙན་དང་བརྒྱད་དོ། །དེ་དག་གི་སྐུ་མདོག་ཆ་ལུགས་སོགས་གཟི་བརྗིད་པོད་གསུམ་པར་གཟིགས།

{{#arraymap:གཟའ་ཆེན་བརྒྱད་

|; |@@@ | | }}