94995

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྐྱིད་ལུང་གང་ཤཪ་དགོན་ (1)
Part of speech མིང་ཚིག
Definition ལྕགས་མོ་མགོ་ལོག་གི་ཡུལ་གྲུ། པདྨ་འབུམ་གྱི་ས་ཆ་རྡོ་ཡུལ་ལུང་པའི་སྟོད་དུ་ལྷུན་ཆགས་ཤིང་། ཁྲ་མོ་གླིང་གི་དུས་སུ་དཔའ་འབུམ་པའི་རྒྱ་ཚ་ཞལ་དཀར་གྱི་བཞུགས་གནས་སུ་གྱུར། དགོན་འདི་ཐོག་མར་རྨ་རོང་གི་སྐྱིད་རིའི་དོ་ར་ཞེས་པར་གྱི་ལུང་མཁས་གྲུབ་རྣམ་གཉིས་ཀྱིས་ཕྱི་ལོ་ ༡༨༤༥ རབ་བྱུང་ ༡༤ པའི་ཤིང་སྤྲུལ་ལ་ཕྱག་བཏབ་མཛད། དེ་ནས་རོང་པ་འབྲོག་ལ་གནས་སྤོར་སྐབས་རྡོའི་ལྷ་ཁང་སུམ་མདོ་རུ་གནས་བཅས། རྗེས་སུ་མར་རྙེད་དགོན་ལུང་དུ་གནས་སྤོ་བྱས་པ་སྟེ། འདི་དག་གི་སྐབས་སུ་སྦྲ་དགོན་ཁོ་ན་ཡིན། མར་རྙེད་དགོན་ལུང་དུ་བསྟན་དགོན་འཛུགས་པོ་ཐུགས་མཆོག་སྐུ་ཕྲེང་གཉིས་པ་རིག་འཛིན་རྒྱ་མཚོ་ཡིན། སྤྱིར་དགོན་འདིའི་བདག་པོ་གྱི་ལུང་ཐུགས་མཆོག་རྡོ་རྗེས་མཛད་ཅིང་། སྲིད་ཀྱི་ཐད་ནས་གྱི་ལུང་བཀྲ་ཤིས་རྒྱ་མཚོས་བསྐྱངས། ཁོང་གཅེན་གཅུང་གཉིས་ལ་མགོ་ལོག་གི་མཁས་གྲུབ་ཉི་ཟླ་རྣམ་གཉིས་ཞེས་སུ་འབོད། རྗེས་སུ་ཐུབ་དབང་བསོད་ནམས་སྙིང་པོའམ། ཡོངས་གྲགས་སུ་ཤིང་གླང་བླ་མ་གྲགས་གང་ཤར་བྲག་ཕུག་ཏུ་བྱོན་ཏེ་ལོ་དུ་མར་བཞུགས། སྐབས་དེར་ས་དེ་ཀའི་བླ་གྲྭ་རྣམས་ཀྱིས་ཁོང་གི་ཞབས་སྤྱི་བོར་བླངས་ཏེ་ཐོག་མར་གསང་བ་སྙིང་ཐིག་གི་སྨིན་གྲོལ་གྱི་འཁོར་ལོ་བསྐོར་ཏེ་རི་ཁྲོད་བྱས། མཐར་རི་ཁྲོད་དགོན་སྡེ་རུ་བསྒྱུར་ཏེ་རྒྱལ་བ་ཀཿཐོག་པའི་ཆོས་བརྒྱུད་འཛིན་པའི་ཆོས་སྡེ་ཤིང་ཡོས་ལོ་འདི་ཆགས། དེ་ནས་བཟུང་མར་རྙེད་དགོན་ལུང་གི་དགོནཔ་དེ་འདིར་གནས་སྤོས་ཏེ་གཏན་འཇགས་བྱས་པ་ཡིན། དགོན་གཞུང་ཀཿཐོག་ཁོ་ན་བྱས་ཏེ་བཅའ་ཡིག་བླངས། སྒྲུབ་གྲྭ་སྙིང་ཐིག་ལྟར་ལ། ཉམས་ལེན་སྙིང་ཐིག་རྫོགས་པ་ཆེན་པོ་ཁོ་ན་ལྟར་བྱས་ཏེ་རྟོགས་པའི་ཉི་མ་ནང་ནས་ཤར་བའི་ཉམས་ལེན་པ་སྒྲུབ་བརྒྱུད་ཀྱི་བསྟན་པ་ཟིན་ངེས་པ་དུ་མ་བྱུང་། བཤད་གྲྭ་ཀུན་མཁྱེན་མི་ཕམ་པའི་ཡིག་ཆ་ཡིན། རིག་གནས་གསར་བརྗེའི་སྐབས་སུ་དགོན་འདི་ལ་གོད་ཆག་ཆེན་པོ་བྱུང་ནས་སྐུ་གསུང་ཐུགས་རྟེན་རྩ་ཆེན་དུ་མ་རྩ་བརླག་ཏུ་གྱུར། ནང་གི་བཤད་སྒྲུབ་དང་བླ་སྤྲུལ་གྲྭ་ཚང་བཅས་མིང་ཙམ་དུ་ལུས། དེ་ལྟ་ནའང་གུ་རུ་ང་འདྲ་མ་དང་། རྒྱ་ཚའི་ཆགས་ལྷམ། པདྨ་འགྲོ་འདུལ་གླིང་བའི་ཞབས་རྗེས་སོགས་རྟེན་རྙིང་འགའ་ཞིག་ད་ལྟའང་འགྲོ་བའི་མཆོད་སྡོང་དུ་བཞུགས་ཡོད།

{{#arraymap:སྐྱིད་ལུང་གང་ཤཪ་དགོན་

|; |@@@ | | }}