95030

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྐྱུ་རུ་ར་ (1)
Part of speech མིང་ཚིག
Definition ལོ་མང་སྐྱེ་བའི་ཤིང་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། སྡོང་པོ་ཕྲ་ལ་ཅུང་ཟད་རིང་བ་སྟེ་སྤྱིའི་སྐྱེ་དབྱིབས་སེ་བའི་སྡོང་པོ་དང་ཧ་ལམ་མཚུངས་ཤིང་ཡལ་ག་དང་ཡལ་ཕྲན་མང་ཞིང་འདྲོང་བ། ལོ་མ་སྔོ་ལྗང་ཕྲ་ལ་ཞིབ་པ་ཡལ་གའི་ཕྱོགས་གཉིས་ནས་སྐྱེ་བ། མེ་ཏོག་དཀར་ལ་དམར་མདངས་རྒྱས་པ་འདབ་མ་ལྔ་དང་ལྡན་པ་སྡོང་པོ་དང་ཡལ་ག་རྣམས་ལོགས་སུ་རིམ་པས་འཆར་ཞིང་། འབྲས་བུ་ལྗང་སེར་རིལ་བ་མཐེ་བོང་གི་མགོ་ཙམ་པར་འོད་མདངས་ལྡན་ཞིང་རྩ་རིས་དཀར་པོ་དྲུག་མངོན་གསལ་དོད་པོ་ཡོད་ཅིང་སྨིན་ནས་སྐམ་པོར་གྱུར་ཚེ་རྩ་རིས་ནས་ཟུང་དྲུག་འབུར་དུ་དོན་པའི་ནང་རུས་པའམ་ཚི་གུ་དཀར་ལ་མཁྲེགས་པ་ལྷུ་དྲུག་ཡོད་པར་སྐམ་ན་སྤྱིར་བཏང་ཤ་རུས་བྱེ་ཡོད་པ། ཤ་མཐུག་ལ་རུས་པ་མེད་པ་བཟང་། འདི་ལ་རིགས་དཀར་ཤས་ཆེ་བ་མཆོག་དང་། ནག་ཤས་ཅན་དམན་པ་སྟེ། བོད་ཀྱི་ས་ཁུལ་ཁ་ཤས་དང་། རྒྱ་ནག རྒྱ་གར་དང་། བལ་ཡུལ། འབྲས་ལྗོངས་སོགས་ཚད་པ་ཆེ་བའི་ནགས་རོང་དུ་སྐྱེ་བ་མང་། བོད་ཟླ་དགུ་པ་ཙམ་སྟེ་འབྲས་བུ་སྨིན་མཚམས་སུ་བཏུས་ཏེ་རློན་པར་ཤ་རུས་ཕྲལ་བའི་ཤ་རྣམས་དག་པོར་བཀྲུས་རྗེས་བསིལ་གྲིབ་ཏུ་བསྐམ་དགོས། བེད་སྤྱོད་སྐབས་སུ་ཚི་གུའམ་རུས་པ་དོར་ནས་ཐད་ཀར་སྤྱོད་ཆོག རོ་སྐྱུར་ཞིང་བསྐ་བ། ཞུ་རྗེས་སྐྱུར་བ། ནུས་པ་བསིལ་ཞིང་རྣོ་ལ་རྩུབ་པ། གཙོ་བོ་ངན་ཁྲག་དང་ཁྲག་ཚད་རྒྱས་པ། བད་མཁྲིས་ཀྱི་ནད། ལུས་ཀྱི་འདུ་བ་འཁྲུགས་པ། མཁྲིས་པ་སྣོད་དུ་ལྷུང་བ་དང་། མཆིན་ནད་གསར་པ། ཚ་ཚུའི་ནད། སྐྲ་བུད་པ་སོགས་ལ་ཕན་པ་ཡིན།

{{#arraymap:སྐྱུ་རུ་ར་

|; |@@@ | | }}