95491

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྐྱེས་སྨེ་ (1)
Part of speech མིང་ཚིག
Definition རང་ཀླུང་སྐྱེས་པའི་སྨེ་བ་སྟེ། བརྩི་བྱ་དག་སྐྱེས་དུས་སུ་ཤར་བའི་གནམ་ལོའི་སྨེ་བ་ནི་རང་གང་སྟེང་སྐྱེས་པའི་སྨེ་བ་ཡིན་ཕྱིེར་སོ་སོའི་སྐྱེས་སྨེ་ཟེར་ཞིང་། དེ་ནི་བརྩི་བྱའི་ལོ་གྲངས་ལ་དགུས་བགོས་པའི་ལྷག་མས་རྩིས་བྱེད་ལོ་དེར་ཤར་བའི་གནམ་ལོའི་སྨེ་སྟེང་ནས་ལུགས་འབྱུང་ལ་བགྲངས་ན་གང་ལོན་པ་དེ་དང་། གལ་སྲིད་བགོས་ལྷག་མེད་ཚེ་གནམ་སྨེ་ལྔ་སེར་ཡིན་ན་བཞི་ལྗང་ལྟ་བུ་ལུགས་ལྡོག་ཏུ་བརྩིས་པའི་གཉིས་པ་དེ་ཡིན། བརྩི་བྱའི་ཡུལ་དུ་གྱུར་བ་སུ་ཞིག་གི་སྐྱེས་སྨེ་དེ་ལྷའི་མེ་ལོང་ཞེས་པ་གཅིག་དཀར་ཡིན་ན་བུ་ཚ་གསོ་དཀའ་ཞིང་མི་གཡང་ཤོར་བའི་སྐྱོན་གྱིས་ཞ་འཐེང་གྲུམ་པོ་འབྱུང་། ཁྱིམ་སར་བྱེ་བྲལ་བྱེད། འཕོ་སྐྱས་ལ་རབ་ཏུ་དགའ། སྤྲོ་ཐུང་ཞིང་སེམས་དཀར། མི་རབས་གསུམ་དུ་ཆིག་བརྒྱུད་བྱེད། ཚེ་ཡི་སྟོད་དུ་དར་གུད་དང་སྐྱིད་སྡུག་མང་ཡང་སྨད་ལ་སྐྱིད། སྐ་རགས་མན་ནམ་རྩིབ་གཡས་དཔུང་གཡས་སུ་སྨེ་བའམ་སྨེ་བའི་ག་ཤ་དང་། ཡང་ན་གཡོན་ལག་ལུས་སྨད་ན་བ་བུར་ལ་སོགས་ཤ་མཚན་ཡོད། ལྷ་རུ་ཀླུ་ལྕམ་དཀར་མོ་འགོ། གདོན་དུ་རྒྱལ་པོ་ཐེ་བྲང་དང་འགོང་པོ་གནོད། ཚེ་ཚད་དོན་གཅིག་དང་བར་ཆད་ཚེ་འཕྲང་བཞི་ཡོད། ཚེ་སྔོན་རྒྱལ་པོ་ནས་ལྷར་སྐྱེས་པ་ཞིག་ཡིན་ལ། སྐྱེ་བ་འདིའི་ཕྱི་མར་ར་དང་། འདབ་ཆགས་ངང་ངུར། གནོད་སྦྱིན་དྲག་ཆགས་ཡུལ་མི། ཀླུ་བཅས་གང་རིགས་སུ་སྐྱེ་དོགས་པས། སྤྱན་རས་གཟིགས་ཀྱི་སྐུ་བཞེངས་ན་འབྱོར་ལྡན་གྱི་ཕོ་ལུས་སམ་ལྷ་དང་བྲམ་ཟེའི་རིགས་སུ་སྐྱེ་བར་བཤད། བདུད་ཀྱི་མེ་ལོང་ཞེས་པ་གཉིས་ནག་ཡིན་ན་བུ་གསུམ་སྐྱེས་ཀྱང་གསོ་དཀའ། ཟས་ནོར་གྱི་གཡང་ཉམས། མྱ་ངན་ལན་མང་འོང་། རྩལ་ཤུགས་བཏོན་ནས་བྱས་ཀྱང་བྱས་པའི་ལས་ལ་ཟིན་པ་མེད། ཕ་ཚན་ནང་དམེ་གྲི་དང་རབས་ཆད་མང་། བན་བོན་ཡིན་ན་མཐུ་རྩལ་ཆེ། ཆུང་ངུའི་དུས་སུ་ན་ཚ་མོད། མི་ལ་ལེགས་པའི་དྲིན་བཞག་ཀྱང་དེས་ལོག་པར་ལྟ། དམར་ལ་དད་ཅིང་ཞེ་སྡང་ཆེ། རྩིབ་ལོགས་དང་། ལག་གཡས་གཡོན། སྙིང་ག་དཔུང་བ། སྐེ་མཇིང་། རྒྱབ་མདུན་བཅས་སུ་སྨེ་བའམ་མཚན་རྟགས་ཡོད། ལྷ་རུ་བདུད་དང་དགྲ་ལྷ་འགོ། གདོན་དུ་ས་བདག་གྲེ་བོ་གནོད། ཚེ་ཚད་རེ་གཅིག་དང་བར་ཆད་ཚེ་འཕྲང་གསུམ་ཡོད། ཚེ་སྔོན་དམྱལ་བ་ནས་བདུད་དུ་སྐྱེས་པ་ཞིག་ཡིན་ལ། སྐྱེ་བ་འདིའི་ཕྱི་མར་དོམ་སྤྲེལ་ཡི་དྭགས་གང་རིགས་སུ་སྐྱེ་དོགས་པས། ཕྱག་རྡོར་སྐུ་བཞེངས་ན་ལྷའམ་ཞང་བློན་ནམ་ཕོ་ལུས་ལེན་པར་བཤད། བསེན་མོའི་མེ་ལོང་ཞེས་པ་གསུམ་མཐིང་ཡིན་ན་སྐྱེས་མ་ཐག་ཏུ་གྲེ་བོ་དང་བསེན་མོ་གནོད། ཟས་ནོར་གྱི་གཡང་དགྲའམ་འདྲེ་ཡིས་ཁྱེར་བས་གང་སྟོངས་ཆེ། སྒབ་ཀྱི་མི་ངན་དགྲ་རུ་ལྡང་། ཉལ་གཉིད་ལ་དགའ། ཁ་སྨྲས་བྱེ་ཞིག་འོང་ཉེན་ཡོད། སེམས་སྟོབས་ཆེ། བུ་རྒྱུད་གྲིར་ཤི་བ་འོང་། རང་དྲན་བྱེད་ཅིང་གཞན་གྱིས་བསྒྱུར་དཀའ། ཕར་མི་ལ་དྲིན་བཞག་ཀྱང་ཚུར་རང་ལ་འཕྱར་ཁ་གཏོང་། རྐང་པ་གཡོན་པ་དང་། གསུས་པ། རྕིབ་ལོགས། དཔུང་བ། མཚང་ར་བཅས་སུ་སྨེ་བའམ་བ་བུར་གྱི་ཤ་མཚན་ཡོད། ལྷ་རུ་ཀླུ་སྲིན་འགོང་པོ་འགོ། གདོན་དུ་ས་སྲིན་ས་བདག་གནོད། ཚེ་ཚད་ལྔ་བཅུ་དང་བར་ཆད་ཚེ་འཕྲང་གསུམ་ཡོད། ཚེ་སྔོན་སྲིན་པོ་ནས་གླང་བོར་སྐྱེས་པ་ཞིག་ཡིན་ལ། སྐྱེ་བ་འདིའི་ཕྱི་མར་སྲིན་པོའི་བུ་མོའམ་གླང་ཆེན་དང་གོང་མོའི་ལུས་ལེན་དོགས་པས། སྦྱིན་གཏོང་དང་། ཡིག་བརྒྱ་འབུམ། རྡོ་རྗེ་སེམས་དཔའི་སྐུ་བཞེངས་ན་ནུབ་ཕྱོགས་ཀྱི་སྐད་རིགས་མི་འདྲ་བའི་ཕྱུག་པོའི་བུ་མོར་སྐྱེ་བར་བཤད། ཀླུའི་མེ་ལོང་ཞེས་པ་བཞི་ལྗང་ཡིན་ན་བུ་ཚ་མིང་སྲིང་བཞི་ཡོད། རིགས་རྒྱུད་དབང་བོ་སྐྱོན་ཅན་འོང་། ཕྱི་ནས་འབབ་པ་མེད་ཀྱང་ནང་དུ་ཡོད་པ་ཕྱིར་མི་འཆོར། ཁ་མཆུ་དང་འཕུང་གྱོད་མང་། ཟས་ནོར་གྱི་གཡང་ཉམས། འགྲོ་ལས་དང་སྡུག་བསྔལ་ཆེ། སེམས་ཆུང་ཞིང་ཚིག་གསལ་ལ་ཁྲོ་བ་སླ། རྟག་ཏུ་གྲིབ་ཁ་སྡང་། ཁ་སྨྲས་དང་རྫུན་མང་། ལེགས་པ་རང་གིས་བྱས་ཀྱང་ངོ་སོ་གཞན་གྱིས་འཁྱེར། བརླ་རྐང་གཡས་པ་དང་། རྐེད་པ། རྒྱབ། ལག་གཡས། ལྟག་ཁུང་། འདོམས་བཅས་སུ་སྨེ་བའི་ཤ་མཚན་ལྡན། ཡང་ན་སྨེ་བའི་ག་ཤའམ་གཡོན་ལག་དང་གདོང་ན་སྨེ་འཛེར་གང་རིགས་ཡོད། ནམ་རྒྱུན་རོ་བག་འཁོན་དང་མི་གཙང་བར་གཟབ་དགོས། ལྷ་རུ་ཀླུ་མོ་དཀར་མོ་འགོ། གདོན་དུ་གཉན་དང་ས་བདག་གནོད། ཚེ་ཚད་རེ་ལྔ་དང་བར་ཆད་ཚེ་འཕྲང་བཞི་ཡོད། ཚེ་སྔོན་ཀླུ་ནས་ཤ་བར་སྐྱེས་པ་ཞིག་ཡིན་ལ། སྐྱེ་བ་འདིའི་ཕྱི་མར་ཁུ་བྱུག་དང་། ཕུག་རོན། བྱོལ་སོང་བཅས་གང་རིགས་སུ་སྐྱེ་དོགས་པས། སཱཙྪ་ཁྲི་འབུམ་དང་ཕྱག་རྡོར་གྱི་སྐུ་བཞེངས་ན་སྔགས་པ་དང་། བཟོ་བོ། བན་བོན། ནུབ་ཕྱོགས་ཀྱི་ཕྱུག་པོའི་བུ་བཅས་གང་རིགས་སུ་སྐྱེ་བར་བཤད། ས་བདག་གི་མེ་ལོང་ཞེས་པ་ལྔ་སེར་ཡིན་ན་བུ་ཚ་མིང་སྲིང་ལྔའི་སྐལ་ཡོད་ཀྱང་གསོ་དཀའ། ནོར་རྫས་ལ་གང་སྟོངས་ཆེ། ཆོས་ལ་བརྩོན་ན་ཚེ་རིང་། སྐྱེས་པ་དར་མའི་དུས་སུ་ས་བདག་ཀླུ་གཉན་གནོད། བུད་མེད་ལ་ཁ་སྨྲས་འོང་། སྐམ་ནོར་དང་ས་ཞིང་འཕྲོད། གསོས་པའི་མི་ངན་དགྲར་ལྡང་། རྨི་ལམ་ཙབ་ཙུབ་མང་། བློ་བརྟན་ལ་ཤེས་རབ་ཆེ། རིམས་དང་དགྲ་སྣ་ཆོམ་རྐུན་འོང་། གཏམ་འཆོལ་མང་ཞིང་རིག་པ་མྱུར། མི་ཁ་དྲག་པོ་འབྱུང་ཉེན་ཡོད། གྲི་དང་རབས་ཆད་འཁོར། ལྷ་རུ་ཡུལ་བདག་དང་ཕ་མེས་སྲུང་མ་འགོ། གདོན་དུ་དཀོར་སྲུང་དང་བན་བོན་ཆོས་སྐྱོང་གནོད། ཚེ་ཚད་ལྔ་བཅུ་དང་བར་ཆད་ཚེ་འཕྲང་གཉིས་ཡོད། ཚེ་སྔོན་བནྡེའམ་ཨ་ཙ་རྱའི་ལུས་བླངས་པ་ཞིག་ཡིན་ལ། སྐྱེ་བ་འདིའི་ཕྱི་མར་སྤྲེའུའམ་ཁྱིམ་བྱར་སྐྱེ་དོགས་པས། ཐུབ་དབང་གི་སྐུ་དང་རྡོ་རྗེ་གཅོད་པ་བཞེངས་ན་ཚོང་དཔོན་ནམ་ཕོ་ལུས་འཐོབ་པར་བཤད། རྒྱལ་པོའི་མེ་ལོང་ཞེས་པ་དྲུག་དཀར་ཡིན་ན་བུ་ཚ་མིང་སྲིང་གསུམ་མམ་ལྔ་ཡོད། རང་ལ་ནད་མི་འབྱུང་། གལ་སྲིད་བྱུང་ན་བཟློག་དཀའ། ཁ་འཇམ་ཞིང་གཏིང་རྩུབ། ཉེ་བ་དགྲ་རུ་ལྡང་། ཡུལ་མཁར་དགྲ་ལ་འཆོར་དོགས་ཡོད། གསར་འགྲོགས་ཆེ། འགོང་པོས་འཕུང་དཀྲུག་བྱེད། ཤེས་རབ་ཆེ་ཞིང་ངོ་མི་བརྟན། ཕར་ལ་བཟང་བྱས་ཀྱང་ཚུར་ལ་གནོད་བྱེད་པ་མང་། རྐང་གཡོན་ནམ་ལག་གཡས་བྱིན་པ་དང་། ལུས་སྨད་བཅས་སུ་སྨེ་བའི་ཤ་མཚན་ཡོད། ལྷ་རུ་ཡུལ་ལྷ་བཟང་པོ་འགོ། ཚེ་ཚད་བདུན་ཅུ་དང་བར་ཆད་ཚེ་འཕྲང་ལྔ་ཡོད། ཚེ་སྔོན་ལྷ་དང་། ཡི་དྭགས། བྲམ་ཟེ། ཤྭ་བ། ཁུ་བྱུག་བཅས་གང་རིགས་སུ་སྐྱེས་པ་ཞིག་ཡིན་ལ། སྐྱེ་བ་འདིའི་ཕྱི་མར་བོན་པོའི་བུ་མོའམ། བན་བོན་སྒོམ་སྒྲུབ་བྱེད་མཁན། བྱ་ལུས་བཅས་ལེན་དོགས་པས། གཙུག་ཏོར་དཀར་ནག་དང་། བླ་མའི་སྐུ་བཞེངས་ན་ཡོན་ཏན་ཅན་ནམ་ལྷའི་རིགས་སུ་སྐྱེ་བར་བཤད། བཙན་གྱི་མེ་ལོང་ཞེས་པ་བདུན་དམར་ཡིན་ན་བུ་ཚ་མིང་སྲིང་བདུན་གྱི་སྐལ་ཡོད་ཀྱང་ཡན་ལག་ལྷག་ཆད་ཅན་འབྱུང་ཉེན་ཆེ། མི་སྟོང་རྟ་སྟོང་འབབ། དམེ་གྲི་རང་ལ་འཁོར། སྐྱིད་སྡུག་དཔྱིད་ཀའི་ཉི་མ་འདྲ། བྱེ་བྲལ་གྱི་ངོ་ཡོད། དམར་དད་ཆེ་ཞིང་སྡིག་པར་མི་འཛེམ། འགྲངས་ལྟོགས་མགར་བའི་སྦུད་པ་འདྲ། སྤྲོ་ཐུང་ཞིང་རང་འདོད་ཆེ། བུད་མེད་ཡིན་ན་གཉིད་ལ་དགའ། རྩིབ་ལོགས་དང་། རྒྱབ། བྲང་། ལག་གཡོན་བཅས་སུ་སྨེ་བའམ་བ་བུར་གྱི་ཤ་མཚན་ཡོད། ལྷ་རུ་བཙན་འགོ། གདོན་དུ་གྲི་སྲི་གནོད། ཚེ་ཚད་བརྒྱད་ཅུ་དང་བར་ཆད་ཚེ་འཕྲང་བཞི་ཡོད། ཚེ་སྔོན་བཙན་དང་ལྷ་མིན་དུ་སྐྱེས་པ་ཞིན་ཡིན་ལ། སྐྱེ་བ་འདིའི་ཕྱི་མར་སྲིན་པོ་དང་། འཕར་སྤྱང་། ཡི་དྭགས། ལས་མཁན་བཅས་གང་རུང་གི་རིགས་སུ་སྐྱེ་དོགས་པས། སྒྲོལ་མའི་སྐུ་བཞེངས་ན་ཕོ་ལུས་འཐོབ་ཅིང་འདུལ་འཛིན་ཞིག་ཀྱང་འབྱུང་བར་བཤད། ཡུལ་ལྷའི་མེ་ལོང་ཞེས་པ་བརྒྱད་དཀར་ཡིན་ན་བུ་ཚ་མིང་སྲིང་གསུམ་འོང་། ན་ཚ་བྱུང་ཡང་འཚོ་སླ། རྒས་ཁར་སྐྱིད། ཡོན་ཏན་ཆེ་ཞིང་ཆོས་ལ་དད། ཐབ་གཞོབ་ལ་འཛེམས་ན་ཚེ་རིང་། ལག་བཟོའི་རིག་པ་རྣོ། ཡ་རབས་བྱམས་ཀྱང་མ་རབས་སྡང་། འཁོན་གྱིས་འཕུང་འདྲེ་བྱེད་པས་དེར་གཟོབས། རྐང་གཡས་དང་། འགྲམ་གཡས། དཔྱི་གཡོན་བཅས་སུ་སྨེ་བ་ཡོད། ལྷ་རུ་ཡུལ་ལྷ་དགྲ་ལྷ་དང་རྒྱལ་པོ་འགོ། གདོན་དུ་ཁྱིམ་མཚེས་འགོང་འདྲེ་གནོད། ཚེ་ཚད་ལྔ་བཅུ་དང་བར་ཆད་ཚེ་འཕྲང་གསུམ་ཡོད། ཚེ་སྔོན་ལྷར་སྐྱེས་པ་ཞིག་ཡིན་ལ། སྐྱེ་བ་འདིའི་ཕྱི་མར་བུད་མེད་ཀྱི་ལུས་ལེན་དོགས་པས། སྟོན་པའི་སྐུ་བཞེངས་ན་ལྷ་བཟོའམ་ཆོས་པའི་ལུས་ལེན་ཅིང་དེ་ནས་ལྷར་སྐྱེ་བར་བཤད། མ་མོའི་མེ་ལོང་ཞེས་པ་དགུ་དམར་ཡིན་ན་བུ་ཚ་དང་བུ་མོ་མང་ཞིང་ནོར་རྫས་མཐའ་གཉིས་སུ་མ་ལྷུང་བའི་བར་མ་འབྲིང་ཙམ་འོང་། ཚེ་སྨད་ལ་གཡང་གི་མཚོ་མོ་བརྡོལ། སྐྱེས་པ་ཡིན་ན་བྱེས་སུ་འཁྱམས་དོགས་ཡོད། བློ་རྒྱ་དང་ཆགས་སྡང་ཆེ། ཡ་རབས་བྱམས་ཀྱང་མ་རབས་སྡང་། ཕྱྭ་གཡང་སྤུ་རྟགས་ཅན་ལ་ཆགས་ཡོད། ཚེ་སྟོད་ལ་སྡུག་ཀྱང་ཚེ་སྨད་རྒས་ཁར་སྐྱིད། གདོང་དང་། རྐེད་པ། མཇིང་པ། རྐང་གཡོན། མགོ་བཅས་སུ་སྨེ་བའམ་བ་བུར་གྱི་ཤ་མཚན་ཡོད། ལྷ་རུ་བཙན་དང་མ་མོ་འགོ། གདོན་དུ་རི་སྣ་ཆུ་མིག་དང་ཚང་ཚིང་ལ་གནས་པའི་འདྲེ་གདོན་གནོད། ཚེ་ཚད་དོན་གསུམ་དང་བར་ཆད་ཚེ་འཕྲང་ལྔ་ཡོད། ཚེ་སྔོན་དམུའི་ཡུལ་ནས་འཕོས་ཤིང་དེ་ནས་ཕྱུག་པོའི་སྒོ་ཁྱི་དང་བོན་པོར་སྐྱེས་པ་ཞིག་ཡིན་ལ། སྐྱེ་བ་འདིའི་ཕྱི་མར་ཁྱི་དང་། བོང་བུ། བུད་མེད་དམན་པ་བཅས་གང་རིགས་སུ་སྐྱེ་དོགས་པས། འཇམ་དབྱངས་ཀྱི་སྐུ་དང་གཟུངས་ལ་འབད་ན་འབྱོར་ལྡན་ཞིག་ཏུ་སྐྱེ་བར་བཤད། དཔེར་ན་སྨེ་ཕྲེང་གསུམ་པའི་མེ་ཁྱི་གནམ་ལོར་ཤར་དུས་རང་ལོ་ཉེར་ལྔར་སོན་པའི་བརྩི་བྱ་དག་གི་སྐྱེས་སྨེ་འཚོལ་བར་ཆ་བཞག་ན། ཉེར་ལྔར་དགུས་བགོས་པའི་ལྷག་མ་བདུན་ཡིན་པས། གནམ་སྨེ་གསུམ་མཐིང་སྟེང་ནས་མར་ལུགས་འབྱུང་ལ་བགྲངརང་ཀླུང་སྐྱེས་པའི་སྨེ་བ་སྟེ། བརྩི་བྱ་དག་སྐྱེས་དུས་སུ་ཤར་བའི་གནམ་ལོའི་སྨེ་བ་ནི་རང་གང་སྟེང་སྐྱེས་པའི་སྨེ་བ་ཡིན་ཕྱིེར་སོ་སོའི་སྐྱེས་སྨེ་ཟེར་ཞིང་། དེ་ནི་བརྩི་བྱའི་ལོ་གྲངས་ལ་དགུས་བགོས་པའི་ལྷག་མས་རྩིས་བྱེད་ལོ་དེར་ཤར་བའི་གནམ་ལོའི་སྨེ་སྟེང་ནས་ལུགས་འབྱུང་ལ་བགྲངས་ན་གང་ལོན་པ་དེ་དང་། གལ་སྲིད་བགོས་ལྷག་མེད་ཚེ་གནམ་སྨེ་ལྔ་སེར་ཡིན་ན་བཞི་ལྗང་ལྟ་བུ་ལུགས་ལྡོག་ཏུ་བརྩིས་པའི་གཉིས་པ་དེ་ཡིན། བརྩི་བྱའི་ཡུལ་དུ་གྱུར་བ་སུ་ཞིག་གི་སྐྱེས་སྨེ་དེ་ལྷའི་མེ་ལོང་ཞེས་པ་གཅིག་དཀར་ཡིན་ན་བུ་ཚ་གསོ་དཀའ་ཞིང་མི་གཡང་ཤོར་བའི་སྐྱོན་གྱིས་ཞ་འཐེང་གྲུམ་པོ་འབྱུང་། ཁྱིམ་སར་བྱེ་བྲལ་བྱེད། འཕོ་སྐྱས་ལ་རབ་ཏུ་དགའ། སྤྲོ་ཐུང་ཞིང་སེམས་དཀར། མི་རབས་གསུམ་དུ་ཆིག་བརྒྱུད་བྱེད། ཚེ་ཡི་སྟོད་དུ་དར་གུད་དང་སྐྱིད་སྡུག་མང་ཡང་སྨད་ལ་སྐྱིད། སྐ་རགས་མན་ནམ་རྩིབ་གཡས་དཔུང་གཡས་སུ་སྨེ་བའམ་སྨེ་བའི་ག་ཤ་དང་། ཡང་ན་གཡོན་ལག་ལུས་སྨད་ན་བ་བུར་ལ་སོགས་ཤ་མཚན་ཡོད། ལྷ་རུ་ཀླུ་ལྕམ་དཀར་མོ་འགོ། གདོན་དུ་རྒྱལ་པོ་ཐེ་བྲང་དང་འགོང་པོ་གནོད། ཚེ་ཚད་དོན་གཅིག་དང་བར་ཆད་ཚེ་འཕྲང་བཞི་ཡོད། ཚེ་སྔོན་རྒྱལ་པོ་ནས་ལྷར་སྐྱེས་པ་ཞིག་ཡིན་ལ། སྐྱེ་བ་འདིའི་ཕྱི་མར་ར་དང་། འདབ་ཆགས་ངང་ངུར། གནོད་སྦྱིན་དྲག་ཆགས་ཡུལ་མི། ཀླུ་བཅས་གང་རིགས་སུ་སྐྱེ་དོགས་པས། སྤྱན་རས་གཟིགས་ཀྱི་སྐུ་བཞེངས་ན་འབྱོར་ལྡན་གྱི་ཕོ་ལུས་སམ་ལྷ་དང་བྲམ་ཟེའི་རིགས་སུ་སྐྱེ་བར་བཤད། བདུད་ཀྱི་མེ་ལོང་ཞེས་པ་གཉིས་ནག་ཡིན་ན་བུ་གསུམ་སྐྱེས་ཀྱང་གསོ་དཀའ། ཟས་ནོར་གྱི་གཡང་ཉམས། མྱ་ངན་ལན་མང་འོང་། རྩལ་ཤུགས་བཏོན་ནས་བྱས་ཀྱང་བྱས་པའི་ལས་ལ་ཟིན་པ་མེད། ཕ་ཚན་ནང་དམེ་གྲི་དང་རབས་ཆད་མང་། བན་བོན་ཡིན་ན་མཐུ་རྩལ་ཆེ། ཆུང་ངུའི་དུས་སུ་ན་ཚ་མོད། མི་ལ་ལེགས་པའི་དྲིན་བཞག་ཀྱང་དེས་ལོག་པར་ལྟ། དམར་ལ་དད་ཅིང་ཞེ་སྡང་ཆེ། རྩིབ་ལོགས་དང་། ལག་གཡས་གཡོན། སྙིང་ག་དཔུང་བ། སྐེ་མཇིང་། རྒྱབ་མདུན་བཅས་སུ་སྨེ་བའམ་མཚན་རྟགས་ཡོད། ལྷ་རུ་བདུད་དང་དགྲ་ལྷ་འགོ། གདོན་དུ་ས་བདག་གྲེ་བོ་གནོད། ཚེ་ཚད་རེ་གཅིག་དང་བར་ཆད་ཚེ་འཕྲང་གསུམ་ཡོད། ཚེ་སྔོན་དམྱལ་བ་ནས་བདུད་དུ་སྐྱེས་པ་ཞིག་ཡིན་ལ། སྐྱེ་བ་འདིའི་ཕྱི་མར་དོམ་སྤྲེལ་ཡི་དྭགས་གང་རིགས་སུ་སྐྱེ་དོགས་པས། ཕྱག་རྡོར་སྐུ་བཞེངས་ན་ལྷའམ་ཞང་བློན་ནམ་ཕོ་ལུས་ལེན་པར་བཤད། བསེན་མོའི་མེ་ལོང་ཞེས་པ་གསུམ་མཐིང་ཡིན་ན་སྐྱེས་མ་ཐག་ཏུ་གྲེ་བོ་དང་བསེན་མོ་གནོད། ཟས་ནོར་གྱི་གཡང་དགྲའམ་འདྲེ་ཡིས་ཁྱེར་བས་གང་སྟོངས་ཆེ། སྒབ་ཀྱི་མི་ངན་དགྲ་རུ་ལྡང་། ཉལ་གཉིད་ལ་དགའ། ཁ་སྨྲས་བྱེ་ཞིག་འོང་ཉེན་ཡོད། སེམས་སྟོབས་ཆེ། བུ་རྒྱུད་གྲིར་ཤི་བ་འོང་། རང་དྲན་བྱེད་ཅིང་གཞན་གྱིས་བསྒྱུར་དཀའ། ཕར་མི་ལ་དྲིན་བཞག་ཀྱང་ཚུར་རང་ལ་འཕྱར་ཁ་གཏོང་། རྐང་པ་གཡོན་པ་དང་། གསུས་པ། རྕིབ་ལོགས། དཔུང་བ། མཚང་ར་བཅས་སུ་སྨེ་བའམ་བ་བུར་གྱི་ཤ་མཚན་ཡོད། ལྷ་རུ་ཀླུ་སྲིན་འགོང་པོ་འགོ། གདོན་དུ་ས་སྲིན་ས་བདག་གནོད། ཚེ་ཚད་ལྔ་བཅུ་དང་བར་ཆད་ཚེ་འཕྲང་གསུམ་ཡོད། ཚེ་སྔོན་སྲིན་པོ་ནས་གླང་བོར་སྐྱེས་པ་ཞིག་ཡིན་ལ། སྐྱེ་བ་འདིའི་ཕྱི་མར་སྲིན་པོའི་བུ་མོའམ་གླང་ཆེན་དང་གོང་མོའི་ལུས་ལེན་དོགས་པས། སྦྱིན་གཏོང་དང་། ཡིག་བརྒྱ་འབུམ། རྡོ་རྗེ་སེམས་དཔའི་སྐུ་བཞེངས་ན་ནུབ་ཕྱོགས་ཀྱི་སྐད་རིགས་མི་འདྲ་བའི་ཕྱུག་པོའི་བུ་མོར་སྐྱེ་བར་བཤད། ཀླུའི་མེ་ལོང་ཞེས་པ་བཞི་ལྗང་ཡིན་ན་བུ་ཚ་མིང་སྲིང་བཞི་ཡོད། རིགས་རྒྱུད་དབང་བོ་སྐྱོན་ཅན་འོང་། ཕྱི་ནས་འབབ་པ་མེད་ཀྱང་ནང་དུ་ཡོད་པ་ཕྱིར་མི་འཆོར། ཁ་མཆུ་དང་འཕུང་གྱོད་མང་། ཟས་ནོར་གྱི་གཡང་ཉམས། འགྲོ་ལས་དང་སྡུག་བསྔལ་ཆེ། སེམས་ཆུང་ཞིང་ཚིག་གསལ་ལ་ཁྲོ་བ་སླ། རྟག་ཏུ་གྲིབ་ཁ་སྡང་། ཁ་སྨྲས་དང་རྫུན་མང་། ལེགས་པ་རང་གིས་བྱས་ཀྱང་ངོ་སོ་གཞན་གྱིས་འཁྱེར། བརླ་རྐང་གཡས་པ་དང་། རྐེད་པ། རྒྱབ། ལག་གཡས། ལྟག་ཁུང་། འདོམས་བཅས་སུ་སྨེ་བའི་ཤ་མཚན་ལྡན། ཡང་ན་སྨེ་བའི་ག་ཤའམ་གཡོན་ལག་དང་གདོང་ན་སྨེ་འཛེར་གང་རིགས་ཡོད། ནམ་རྒྱུན་རོ་བག་འཁོན་དང་མི་གཙང་བར་གཟབ་དགོས། ལྷ་རུ་ཀླུ་མོ་དཀར་མོ་འགོ། གདོན་དུ་གཉན་དང་ས་བདག་གནོད། ཚེ་ཚད་རེ་ལྔ་དང་བར་ཆད་ཚེ་འཕྲང་བཞི་ཡོད། ཚེ་སྔོན་ཀླུ་ནས་ཤ་བར་སྐྱེས་པ་ཞིག་ཡིན་ལ། སྐྱེ་བ་འདིའི་ཕྱི་མར་ཁུ་བྱུག་དང་། ཕུག་རོན། བྱོལ་སོང་བཅས་གང་རིགས་སུ་སྐྱེ་དོགས་པས། སཱཙྪ་ཁྲི་འབུམ་དང་ཕྱག་རྡོར་གྱི་སྐུ་བཞེངས་ན་སྔགས་པ་དང་། བཟོ་བོ། བན་བོན། ནུབ་ཕྱོགས་ཀྱི་ཕྱུག་པོའི་བུ་བཅས་གང་རིགས་སུ་སྐྱེ་བར་བཤད། ས་བདག་གི་མེ་ལོང་ཞེས་པ་ལྔ་སེར་ཡིན་ན་བུ་ཚ་མིང་སྲིང་ལྔའི་སྐལ་ཡོད་ཀྱང་གསོ་དཀའ། ནོར་རྫས་ལ་གང་སྟོངས་ཆེ། ཆོས་ལ་བརྩོན་ན་ཚེ་རིང་། སྐྱེས་པ་དར་མའི་དུས་སུ་ས་བདག་ཀླུ་གཉན་གནོད། བུད་མེད་ལ་ཁ་སྨྲས་འོང་། སྐམ་ནོར་དང་ས་ཞིང་འཕྲོད། གསོས་པའི་མི་ངན་དགྲར་ལྡང་། རྨི་ལམ་ཙབ་ཙུབ་མང་། བློ་བརྟན་ལ་ཤེས་རབ་ཆེ། རིམས་དང་དགྲ་སྣ་ཆོམ་རྐུན་འོང་། གཏམ་འཆོལ་མང་ཞིང་རིག་པ་མྱུར། མི་ཁ་དྲག་པོ་འབྱུང་ཉེན་ཡོད། གྲི་དང་རབས་ཆད་འཁོར། ལྷ་རུ་ཡུལ་བདག་དང་ཕ་མེས་སྲུང་མ་འགོ། གདོན་དུ་དཀོར་སྲུང་དང་བན་བོན་ཆོས་སྐྱོང་གནོད། ཚེ་ཚད་ལྔ་བཅུ་དང་བར་ཆད་ཚེ་འཕྲང་གཉིས་ཡོད། ཚེ་སྔོན་བནྡེའམ་ཨ་ཙ་རྱའི་ལུས་བླངས་པ་ཞིག་ཡིན་ལ། སྐྱེ་བ་འདིའི་ཕྱི་མར་སྤྲེའུའམ་ཁྱིམ་བྱར་སྐྱེ་དོགས་པས། ཐུབ་དབང་གི་སྐུ་དང་རྡོ་རྗེ་གཅོད་པ་བཞེངས་ན་ཚོང་དཔོན་ནམ་ཕོ་ལུས་འཐོབ་པར་བཤད། རྒྱལ་པོའི་མེ་ལོང་ཞེས་པ་དྲུག་དཀར་ཡིན་ན་བུ་ཚ་མིང་སྲིང་གསུམ་མམ་ལྔ་ཡོད། རང་ལ་ནད་མི་འབྱུང་། གལ་སྲིད་བྱུང་ན་བཟློག་དཀའ། ཁ་འཇམ་ཞིང་གཏིང་རྩུབ། ཉེ་བ་དགྲ་རུ་ལྡང་། ཡུལ་མཁར་དགྲ་ལ་འཆོར་དོགས་ཡོད། གསར་འགྲོགས་ཆེ། འགོང་པོས་འཕུང་དཀྲུག་བྱེད། ཤེས་རབ་ཆེ་ཞིང་ངོ་མི་བརྟན། ཕར་ལ་བཟང་བྱས་ཀྱང་ཚུར་ལ་གནོད་བྱེད་པ་མང་། རྐང་གཡོན་ནམ་ལག་གཡས་བྱིན་པ་དང་། ལུས་སྨད་བཅས་སུ་སྨེ་བའི་ཤ་མཚན་ཡོད། ལྷ་རུ་ཡུལ་ལྷ་བཟང་པོ་འགོ། ཚེ་ཚད་བདུན་ཅུ་དང་བར་ཆད་ཚེ་འཕྲང་ལྔ་ཡོད། ཚེ་སྔོན་ལྷ་དང་། ཡི་དྭགས། བྲམ་ཟེ། ཤྭ་བ། ཁུ་བྱུག་བཅས་གང་རིགས་སུ་སྐྱེས་པ་ཞིག་ཡིན་ལ། སྐྱེ་བ་འདིའི་ཕྱི་མར་བོན་པོའི་བུ་མོའམ། བན་བོན་སྒོམ་སྒྲུབ་བྱེད་མཁན། བྱ་ལུས་བཅས་ལེན་དོགས་པས། གཙུག་ཏོར་དཀར་ནག་དང་། བླ་མའི་སྐུ་བཞེངས་ན་ཡོན་ཏན་ཅན་ནམ་ལྷའི་རིགས་སུ་སྐྱེ་བར་བཤད། བཙན་གྱི་མེ་ལོང་ཞེས་པ་བདུན་དམར་ཡིན་ན་བུ་ཚ་མིང་སྲིང་བདུན་གྱི་སྐལ་ཡོད་ཀྱང་ཡན་ལག་ལྷག་ཆད་ཅན་འབྱུང་ཉེན་ཆེ། མི་སྟོང་རྟ་སྟོང་འབབ། དམེ་གྲི་རང་ལ་འཁོར། སྐྱིད་སྡུག་དཔྱིད་ཀའི་ཉི་མ་འདྲ། བྱེ་བྲལ་གྱི་ངོ་ཡོད། དམར་དད་ཆེ་ཞིང་སྡིག་པར་མི་འཛེམ། འགྲངས་ལྟོགས་མགར་བའི་སྦུད་པ་འདྲ། སྤྲོ་ཐུང་ཞིང་རང་འདོད་ཆེ། བུད་མེད་ཡིན་ན་གཉིད་ལ་དགའ། རྩིབ་ལོགས་དང་། རྒྱབ། བྲང་། ལག་གཡོན་བཅས་སུ་སྨེ་བའམ་བ་བུར་གྱི་ཤ་མཚན་ཡོད། ལྷ་རུ་བཙན་འགོ། གདོན་དུ་གྲི་སྲི་གནོད། ཚེ་ཚད་བརྒྱད་ཅུ་དང་བར་ཆད་ཚེ་འཕྲང་བཞི་ཡོད། ཚེ་སྔོན་བཙན་དང་ལྷ་མིན་དུ་སྐྱེས་པ་ཞིན་ཡིན་ལ། སྐྱེ་བ་འདིའི་ཕྱི་མར་སྲིན་པོ་དང་། འཕར་སྤྱང་། ཡི་དྭགས། ལས་མཁན་བཅས་གང་རུང་གི་རིགས་སུ་སྐྱེ་དོགས་པས། སྒྲོལ་མའི་སྐུ་བཞེངས་ན་ཕོ་ལུས་འཐོབ་ཅིང་འདུལ་འཛིན་ཞིག་ཀྱང་འབྱུང་བར་བཤད། ཡུལ་ལྷའི་མེ་ལོང་ཞེས་པ་བརྒྱད་དཀར་ཡིན་ན་བུ་ཚ་མིང་སྲིང་གསུམ་འོང་། ན་ཚ་བྱུང་ཡང་འཚོ་སླ། རྒས་ཁར་སྐྱིད། ཡོན་ཏན་ཆེ་ཞིང་ཆོས་ལ་དད། ཐབ་གཞོབ་ལ་འཛེམས་ན་ཚེ་རིང་། ལག་བཟོའི་རིག་པ་རྣོ། ཡ་རབས་བྱམས་ཀྱང་མ་རབས་སྡང་། འཁོན་གྱིས་འཕུང་འདྲེ་བྱེད་པས་དེར་གཟོབས། རྐང་གཡས་དང་། འགྲམ་གཡས། དཔྱི་གཡོན་བཅས་སུ་སྨེ་བ་ཡོད། ལྷ་རུ་ཡུལ་ལྷ་དགྲ་ལྷ་དང་རྒྱལ་པོ་འགོ། གདོན་དུ་ཁྱིམ་མཚེས་འགོང་འདྲེ་གནོད། ཚེ་ཚད་ལྔ་བཅུ་དང་བར་ཆད་ཚེ་འཕྲང་གསུམ་ཡོད། ཚེ་སྔོན་ལྷར་སྐྱེས་པ་ཞིག་ཡིན་ལ། སྐྱེ་བ་འདིའི་ཕྱི་མར་བུད་མེད་ཀྱི་ལུས་ལེན་དོགས་པས། སྟོན་པའི་སྐུ་བཞེངས་ན་ལྷ་བཟོའམ་ཆོས་པའི་ལུས་ལེན་ཅིང་དེ་ནས་ལྷར་སྐྱེ་བར་བཤད། མ་མོའི་མེ་ལོང་ཞེས་པ་དགུ་དམར་ཡིན་ན་བུ་ཚ་དང་བུ་མོ་མང་ཞིང་ནོར་རྫས་མཐའ་གཉིས་སུ་མ་ལྷུང་བའི་བར་མ་འབྲིང་ཙམ་འོང་། ཚེ་སྨད་ལ་གཡང་གི་མཚོ་མོ་བརྡོལ། སྐྱེས་པ་ཡིན་ན་བྱེས་སུ་འཁྱམས་དོགས་ཡོད། བློ་རྒྱ་དང་ཆགས་སྡང་ཆེ། ཡ་རབས་བྱམས་ཀྱང་མ་རབས་སྡང་། ཕྱྭ་གཡང་སྤུ་རྟགས་ཅན་ལ་ཆགས་ཡོད། ཚེ་སྟོད་ལ་སྡུག་ཀྱང་ཚེ་སྨད་རྒས་ཁར་སྐྱིད། གདོང་དང་། རྐེད་པ། མཇིང་པ། རྐང་གཡོན། མགོ་བཅས་སུ་སྨེ་བའམ་བ་བུར་གྱི་ཤ་མཚན་ཡོད། ལྷ་རུ་བཙན་དང་མ་མོ་འགོ། གདོན་དུ་རི་སྣ་ཆུ་མིག་དང་ཚང་ཚིང་ལ་གནས་པའི་འདྲེ་གདོན་གནོད། ཚེ་ཚད་དོན་གསུམ་དང་བར་ཆད་ཚེ་འཕྲང་ལྔ་ཡོད། ཚེ་སྔོན་དམུའི་ཡུལ་ནས་འཕོས་ཤིང་དེ་ནས་ཕྱུག་པོའི་སྒོ་ཁྱི་དང་བོན་པོར་སྐྱེས་པ་ཞིག་ཡིན་ལ། སྐྱེ་བ་འདིའི་ཕྱི་མར་ཁྱི་དང་། བོང་བུ། བུད་མེད་དམན་པ་བཅས་གང་རིགས་སུ་སྐྱེ་དོགས་པས། འཇམ་དབྱངས་ཀྱི་སྐུ་དང་གཟུངས་ལ་འབད་ན་འབྱོར་ལྡན་ཞིག་ཏུ་སྐྱེ་བར་བཤད། དཔེར་ན་སྨེ་ཕྲེང་གསུམ་པའི་མེ་ཁྱི་གནམ་ལོར་ཤར་དུས་རང་ལོ་ཉེར་ལྔར་སོན་པའི་བརྩི་བྱ་དག་གི་སྐྱེས་སྨེ་འཚོལ་བར་ཆ་བཞག་ན། ཉེར་ལྔར་དགུས་བགོས་པའི་ལྷག་མ་བདུན་ཡིན་པས། གནམ་སྨེ་གསུམ་མཐིང་སྟེང་ནས་མར་ལུགས་འབྱུང་ལ་བགྲངས་རང་ཀླུང་སྐྱེས་པའི་སྨེ་བ་སྟེ། བརྩི་བྱ་དག་སྐྱེས་དུས་སུ་ཤར་བའི་གནམ་ལོའི་སྨེ་བ་ནི་རང་གང་སྟེང་སྐྱེས་པའི་སྨེ་བ་ཡིན་ཕྱིེར་སོ་སོའི་སྐྱེས་སྨེ་ཟེར་ཞིང་། དེ་ནི་བརྩི་བྱའི་ལོ་གྲངས་ལ་དགུས་བགོས་པའི་ལྷག་མས་རྩིས་བྱེད་ལོ་དེར་ཤར་བའི་གནམ་ལོའི་སྨེ་སྟེང་ནས་ལུགས་འབྱུང་ལ་བགྲངས་ན་གང་ལོན་པ་དེ་དང་། གལ་སྲིད་བགོས་ལྷག་མེད་ཚེ་གནམ་སྨེ་ལྔ་སེར་ཡིན་ན་བཞི་ལྗང་ལྟ་བུ་ལུགས་ལྡོག་ཏུ་བརྩིས་པའི་གཉིས་པ་དེ་ཡིན། བརྩི་བྱའི་ཡུལ་དུ་གྱུར་བ་སུ་ཞིག་གི་སྐྱེས་སྨེ་དེ་ལྷའི་མེ་ལོང་ཞེས་པ་གཅིག་དཀར་ཡིན་ན་བུ་ཚ་གསོ་དཀའ་ཞིང་མི་གཡང་ཤོར་བའི་སྐྱོན་གྱིས་ཞ་འཐེང་གྲུམ་པོ་འབྱུང་། ཁྱིམ་སར་བྱེ་བྲལ་བྱེད། འཕོ་སྐྱས་ལ་རབ་ཏུ་དགའ། སྤྲོ་ཐུང་ཞིང་སེམས་དཀར། མི་རབས་གསུམ་དུ་ཆིག་བརྒྱུད་བྱེད། ཚེ་ཡི་སྟོད་དུ་དར་གུད་དང་སྐྱིད་སྡུག་མང་ཡང་སྨད་ལ་སྐྱིད། སྐ་རགས་མན་ནམ་རྩིབ་གཡས་དཔུང་གཡས་སུ་སྨེ་བའམ་སྨེ་བའི་ག་ཤ་དང་། ཡང་ན་གཡོན་ལག་ལུས་སྨད་ན་བ་བུར་ལ་སོགས་ཤ་མཚན་ཡོད། ལྷ་རུ་ཀླུ་ལྕམ་དཀར་མོ་འགོ། གདོན་དུ་རྒྱལ་པོ་ཐེ་བྲང་དང་འགོང་པོ་གནོད། ཚེ་ཚད་དོན་གཅིག་དང་བར་ཆད་ཚེ་འཕྲང་བཞི་ཡོད། ཚེ་སྔོན་རྒྱལ་པོ་ནས་ལྷར་སྐྱེས་པ་ཞིག་ཡིན་ལ། སྐྱེ་བ་འདིའི་ཕྱི་མར་ར་དང་། འདབ་ཆགས་ངང་ངུར། གནོད་སྦྱིན་དྲག་ཆགས་ཡུལ་མི། ཀླུ་བཅས་གང་རིགས་སུ་སྐྱེ་དོགས་པས། སྤྱན་རས་གཟིགས་ཀྱི་སྐུ་བཞེངས་ན་འབྱོར་ལྡན་གྱི་ཕོ་ལུས་སམ་ལྷ་དང་བྲམ་ཟེའི་རིགས་སུ་སྐྱེ་བར་བཤད། བདུད་ཀྱི་མེ་ལོང་ཞེས་པ་གཉིས་ནག་ཡིན་ན་བུ་གསུམ་སྐྱེས་ཀྱང་གསོ་དཀའ། ཟས་ནོར་གྱི་གཡང་ཉམས། མྱ་ངན་ལན་མང་འོང་། རྩལ་ཤུགས་བཏོན་ནས་བྱས་ཀྱང་བྱས་པའི་ལས་ལ་ཟིན་པ་མེད། ཕ་ཚན་ནང་དམེ་གྲི་དང་རབས་ཆད་མང་། བན་བོན་ཡིན་ན་མཐུ་རྩལ་ཆེ། ཆུང་ངུའི་དུས་སུ་ན་ཚ་མོད། མི་ལ་ལེགས་པའི་དྲིན་བཞག་ཀྱང་དེས་ལོག་པར་ལྟ། དམར་ལ་དད་ཅིང་ཞེ་སྡང་ཆེ། རྩིབ་ལོགས་དང་། ལག་གཡས་གཡོན། སྙིང་ག་དཔུང་བ། སྐེ་མཇིང་། རྒྱབ་མདུན་བཅས་སུ་སྨེ་བའམ་མཚན་རྟགས་ཡོད། ལྷ་རུ་བདུད་དང་དགྲ་ལྷ་འགོ། གདོན་དུ་ས་བདག་གྲེ་བོ་གནོད། ཚེ་ཚད་རེ་གཅིག་དང་བར་ཆད་ཚེ་འཕྲང་གསུམ་ཡོད། ཚེ་སྔོན་དམྱལ་བ་ནས་བདུད་དུ་སྐྱེས་པ་ཞིག་ཡིན་ལ། སྐྱེ་བ་འདིའི་ཕྱི་མར་དོམ་སྤྲེལ་ཡི་དྭགས་གང་རིགས་སུ་སྐྱེ་དོགས་པས། ཕྱག་རྡོར་སྐུ་བཞེངས་ན་ལྷའམ་ཞང་བློན་ནམ་ཕོ་ལུས་ལེན་པར་བཤད། བསེན་མོའི་མེ་ལོང་ཞེས་པ་གསུམ་མཐིང་ཡིན་ན་སྐྱེས་མ་ཐག་ཏུ་གྲེ་བོ་དང་བསེན་མོ་གནོད། ཟས་ནོར་གྱི་གཡང་དགྲའམ་འདྲེ་ཡིས་ཁྱེར་བས་གང་སྟོངས་ཆེ། སྒབ་ཀྱི་མི་ངན་དགྲ་རུ་ལྡང་། ཉལ་གཉིད་ལ་དགའ། ཁ་སྨྲས་བྱེ་ཞིག་འོང་ཉེན་ཡོད། སེམས་སྟོབས་ཆེ། བུ་རྒྱུད་གྲིར་ཤི་བ་འོང་། རང་དྲན་བྱེད་ཅིང་གཞན་གྱིས་བསྒྱུར་དཀའ། ཕར་མི་ལ་དྲིན་བཞག་ཀྱང་ཚུར་རང་ལ་འཕྱར་ཁ་གཏོང་། རྐང་པ་གཡོན་པ་དང་། གསུས་པ། རྕིབ་ལོགས། དཔུང་བ། མཚང་ར་བཅས་སུ་སྨེ་བའམ་བ་བུར་གྱི་ཤ་མཚན་ཡོད། ལྷ་རུ་ཀླུ་སྲིན་འགོང་པོ་འགོ། གདོན་དུ་ས་སྲིན་ས་བདག་གནོད། ཚེ་ཚད་ལྔ་བཅུ་དང་བར་ཆད་ཚེ་འཕྲང་གསུམ་ཡོད། ཚེ་སྔོན་སྲིན་པོ་ནས་གླང་བོར་སྐྱེས་པ་ཞིག་ཡིན་ལ། སྐྱེ་བ་འདིའི་ཕྱི་མར་སྲིན་པོའི་བུ་མོའམ་གླང་ཆེན་དང་གོང་མོའི་ལུས་ལེན་དོགས་པས། སྦྱིན་གཏོང་དང་། ཡིག་བརྒྱ་འབུམ། རྡོ་རྗེ་སེམས་དཔའི་སྐུ་བཞེངས་ན་ནུབ་ཕྱོགས་ཀྱི་སྐད་རིགས་མི་འདྲ་བའི་ཕྱུག་པོའི་བུ་མོར་སྐྱེ་བར་བཤད། ཀླུའི་མེ་ལོང་ཞེས་པ་བཞི་ལྗང་ཡིན་ན་བུ་ཚ་མིང་སྲིང་བཞི་ཡོད། རིགས་རྒྱུད་དབང་བོ་སྐྱོན་ཅན་འོང་། ཕྱི་ནས་འབབ་པ་མེད་ཀྱང་ནང་དུ་ཡོད་པ་ཕྱིར་མི་འཆོར། ཁ་མཆུ་དང་འཕུང་གྱོད་མང་། ཟས་ནོར་གྱི་གཡང་ཉམས། འགྲོ་ལས་དང་སྡུག་བསྔལ་ཆེ། སེམས་ཆུང་ཞིང་ཚིག་གསལ་ལ་ཁྲོ་བ་སླ། རྟག་ཏུ་གྲིབ་ཁ་སྡང་། ཁ་སྨྲས་དང་རྫུན་མང་། ལེགས་པ་རང་གིས་བྱས་ཀྱང་ངོ་སོ་གཞན་གྱིས་འཁྱེར། བརླ་རྐང་གཡས་པ་དང་། རྐེད་པ། རྒྱབ། ལག་གཡས། ལྟག་ཁུང་། འདོམས་བཅས་སུ་སྨེ་བའི་ཤ་མཚན་ལྡན། ཡང་ན་སྨེ་བའི་ག་ཤའམ་གཡོན་ལག་དང་གདོང་ན་སྨེ་འཛེར་གང་རིགས་ཡོད། ནམ་རྒྱུན་རོ་བག་འཁོན་དང་མི་གཙང་བར་གཟབ་དགོས། ལྷ་རུ་ཀླུ་མོ་དཀར་མོ་འགོ། གདོན་དུ་གཉན་དང་ས་བདག་གནོད། ཚེ་ཚད་རེ་ལྔ་དང་བར་ཆད་ཚེ་འཕྲང་བཞི་ཡོད། ཚེ་སྔོན་ཀླུ་ནས་ཤ་བར་སྐྱེས་པ་ཞིག་ཡིན་ལ། སྐྱེ་བ་འདིའི་ཕྱི་མར་ཁུ་བྱུག་དང་། ཕུག་རོན། བྱོལ་སོང་བཅས་གང་རིགས་སུ་སྐྱེ་དོགས་པས། སཱཙྪ་ཁྲི་འབུམ་དང་ཕྱག་རྡོར་གྱི་སྐུ་བཞེངས་ན་སྔགས་པ་དང་། བཟོ་བོ། བན་བོན། ནུབ་ཕྱོགས་ཀྱི་ཕྱུག་པོའི་བུ་བཅས་གང་རིགས་སུ་སྐྱེ་བར་བཤད། ས་བདག་གི་མེ་ལོང་ཞེས་པ་ལྔ་སེར་ཡིན་ན་བུ་ཚ་མིང་སྲིང་ལྔའི་སྐལ་ཡོད་ཀྱང་གསོ་དཀའ། ནོར་རྫས་ལ་གང་སྟོངས་ཆེ། ཆོས་ལ་བརྩོན་ན་ཚེ་རིང་། སྐྱེས་པ་དར་མའི་དུས་སུ་ས་བདག་ཀླུ་གཉན་གནོད། བུད་མེད་ལ་ཁ་སྨྲས་འོང་། སྐམ་ནོར་དང་ས་ཞིང་འཕྲོད། གསོས་པའི་མི་ངན་དགྲར་ལྡང་། རྨི་ལམ་ཙབ་ཙུབ་མང་། བློ་བརྟན་ལ་ཤེས་རབ་ཆེ། རིམས་དང་དགྲ་སྣ་ཆོམ་རྐུན་འོང་། གཏམ་འཆོལ་མང་ཞིང་རིག་པ་མྱུར། མི་ཁ་དྲག་པོ་འབྱུང་ཉེན་ཡོད། གྲི་དང་རབས་ཆད་འཁོར། ལྷ་རུ་ཡུལ་བདག་དང་ཕ་མེས་སྲུང་མ་འགོ། གདོན་དུ་དཀོར་སྲུང་དང་བན་བོན་ཆོས་སྐྱོང་གནོད། ཚེ་ཚད་ལྔ་བཅུ་དང་བར་ཆད་ཚེ་འཕྲང་གཉིས་ཡོད། ཚེ་སྔོན་བནྡེའམ་ཨ་ཙ་རྱའི་ལུས་བླངས་པ་ཞིག་ཡིན་ལ། སྐྱེ་བ་འདིའི་ཕྱི་མར་སྤྲེའུའམ་ཁྱིམ་བྱར་སྐྱེ་དོགས་པས། ཐུབ་དབང་གི་སྐུ་དང་རྡོ་རྗེ་གཅོད་པ་བཞེངས་ན་ཚོང་དཔོན་ནམ་ཕོ་ལུས་འཐོབ་པར་བཤད། རྒྱལ་པོའི་མེ་ལོང་ཞེས་པ་དྲུག་དཀར་ཡིན་ན་བུ་ཚ་མིང་སྲིང་གསུམ་མམ་ལྔ་ཡོད། རང་ལ་ནད་མི་འབྱུང་། གལ་སྲིད་བྱུང་ན་བཟློག་དཀའ། ཁ་འཇམ་ཞིང་གཏིང་རྩུབ། ཉེ་བ་དགྲ་རུ་ལྡང་། ཡུལ་མཁར་དགྲ་ལ་འཆོར་དོགས་ཡོད། གསར་འགྲོགས་ཆེ། འགོང་པོས་འཕུང་དཀྲུག་བྱེད། ཤེས་རབ་ཆེ་ཞིང་ངོ་མི་བརྟན། ཕར་ལ་བཟང་བྱས་ཀྱང་ཚུར་ལ་གནོད་བྱེད་པ་མང་། རྐང་གཡོན་ནམ་ལག་གཡས་བྱིན་པ་དང་། ལུས་སྨད་བཅས་སུ་སྨེ་བའི་ཤ་མཚན་ཡོད། ལྷ་རུ་ཡུལ་ལྷ་བཟང་པོ་འགོ། ཚེ་ཚད་བདུན་ཅུ་དང་བར་ཆད་ཚེ་འཕྲང་ལྔ་ཡོད། ཚེ་སྔོན་ལྷ་དང་། ཡི་དྭགས། བྲམ་ཟེ། ཤྭ་བ། ཁུ་བྱུག་བཅས་གང་རིགས་སུ་སྐྱེས་པ་ཞིག་ཡིན་ལ། སྐྱེ་བ་འདིའི་ཕྱི་མར་བོན་པོའི་བུ་མོའམ། བན་བོན་སྒོམ་སྒྲུབ་བྱེད་མཁན། བྱ་ལུས་བཅས་ལེན་དོགས་པས། གཙུག་ཏོར་དཀར་ནག་དང་། བླ་མའི་སྐུ་བཞེངས་ན་ཡོན་ཏན་ཅན་ནམ་ལྷའི་རིགས་སུ་སྐྱེ་བར་བཤད། བཙན་གྱི་མེ་ལོང་ཞེས་པ་བདུན་དམར་ཡིན་ན་བུ་ཚ་མིང་སྲིང་བདུན་གྱི་སྐལ་ཡོད་ཀྱང་ཡན་ལག་ལྷག་ཆད་ཅན་འབྱུང་ཉེན་ཆེ། མི་སྟོང་རྟ་སྟོང་འབབ། དམེ་གྲི་རང་ལ་འཁོར། སྐྱིད་སྡུག་དཔྱིད་ཀའི་ཉི་མ་འདྲ། བྱེ་བྲལ་གྱི་ངོ་ཡོད། དམར་དད་ཆེ་ཞིང་སྡིག་པར་མི་འཛེམ། འགྲངས་ལྟོགས་མགར་བའི་སྦུད་པ་འདྲ། སྤྲོ་ཐུང་ཞིང་རང་འདོད་ཆེ། བུད་མེད་ཡིན་ན་གཉིད་ལ་དགའ། རྩིབ་ལོགས་དང་། རྒྱབ། བྲང་། ལག་གཡོན་བཅས་སུ་སྨེ་བའམ་བ་བུར་གྱི་ཤ་མཚན་ཡོད། ལྷ་རུ་བཙན་འགོ། གདོན་དུ་གྲི་སྲི་གནོད། ཚེ་ཚད་བརྒྱད་ཅུ་དང་བར་ཆད་ཚེ་འཕྲང་བཞི་ཡོད། ཚེ་སྔོན་བཙན་དང་ལྷ་མིན་དུ་སྐྱེས་པ་ཞིན་ཡིན་ལ། སྐྱེ་བ་འདིའི་ཕྱི་མར་སྲིན་པོ་དང་། འཕར་སྤྱང་། ཡི་དྭགས། ལས་མཁན་བཅས་གང་རུང་གི་རིགས་སུ་སྐྱེ་དོགས་པས། སྒྲོལ་མའི་སྐུ་བཞེངས་ན་ཕོ་ལུས་འཐོབ་ཅིང་འདུལ་འཛིན་ཞིག་ཀྱང་འབྱུང་བར་བཤད། ཡུལ་ལྷའི་མེ་ལོང་ཞེས་པ་བརྒྱད་དཀར་ཡིན་ན་བུ་ཚ་མིང་སྲིང་གསུམ་འོང་། ན་ཚ་བྱུང་ཡང་འཚོ་སླ། རྒས་ཁར་སྐྱིད། ཡོན་ཏན་ཆེ་ཞིང་ཆོས་ལ་དད། ཐབ་གཞོབ་ལ་འཛེམས་ན་ཚེ་རིང་། ལག་བཟོའི་རིག་པ་རྣོ། ཡ་རབས་བྱམས་ཀྱང་མ་རབས་སྡང་། འཁོན་གྱིས་འཕུང་འདྲེ་བྱེད་པས་དེར་གཟོབས། རྐང་གཡས་དང་། འགྲམ་གཡས། དཔྱི་གཡོན་བཅས་སུ་སྨེ་བ་ཡོད། ལྷ་རུ་ཡུལ་ལྷ་དགྲ་ལྷ་དང་རྒྱལ་པོ་འགོ། གདོན་དུ་ཁྱིམ་མཚེས་འགོང་འདྲེ་གནོད། ཚེ་ཚད་ལྔ་བཅུ་དང་བར་ཆད་ཚེ་འཕྲང་གསུམ་ཡོད། ཚེ་སྔོན་ལྷར་སྐྱེས་པ་ཞིག་ཡིན་ལ། སྐྱེ་བ་འདིའི་ཕྱི་མར་བུད་མེད་ཀྱི་ལུས་ལེན་དོགས་པས། སྟོན་པའི་སྐུ་བཞེངས་ན་ལྷ་བཟོའམ་ཆོས་པའི་ལུས་ལེན་ཅིང་དེ་ནས་ལྷར་སྐྱེ་བར་བཤད། མ་མོའི་མེ་ལོང་ཞེས་པ་དགུ་དམར་ཡིན་ན་བུ་ཚ་དང་བུ་མོ་མང་ཞིང་ནོར་རྫས་མཐའ་གཉིས་སུ་མ་ལྷུང་བའི་བར་མ་འབྲིང་ཙམ་འོང་། ཚེ་སྨད་ལ་གཡང་གི་མཚོ་མོ་བརྡོལ། སྐྱེས་པ་ཡིན་ན་བྱེས་སུ་འཁྱམས་དོགས་ཡོད། བློ་རྒྱ་དང་ཆགས་སྡང་ཆེ། ཡ་རབས་བྱམས་ཀྱང་མ་རབས་སྡང་། ཕྱྭ་གཡང་སྤུ་རྟགས་ཅན་ལ་ཆགས་ཡོད། ཚེ་སྟོད་ལ་སྡུག་ཀྱང་ཚེ་སྨད་རྒས་ཁར་སྐྱིད། གདོང་དང་། རྐེད་པ། མཇིང་པ། རྐང་གཡོན། མགོ་བཅས་སུ་སྨེ་བའམ་བ་བུར་གྱི་ཤ་མཚན་ཡོད། ལྷ་རུ་བཙན་དང་མ་མོ་འགོ། གདོན་དུ་རི་སྣ་ཆུ་མིག་དང་ཚང་ཚིང་ལ་གནས་པའི་འདྲེ་གདོན་གནོད། ཚེ་ཚད་དོན་གསུམ་དང་བར་ཆད་ཚེ་འཕྲང་ལྔ་ཡོད། ཚེ་སྔོན་དམུའི་ཡུལ་ནས་འཕོས་ཤིང་དེ་ནས་ཕྱུག་པོའི་སྒོ་ཁྱི་དང་བོན་པོར་སྐྱེས་པ་ཞིག་ཡིན་ལ། སྐྱེ་བ་འདིའི་ཕྱི་མར་ཁྱི་དང་། བོང་བུ། བུད་མེད་དམན་པ་བཅས་གང་རིགས་སུ་སྐྱེ་དོགས་པས། འཇམ་དབྱངས་ཀྱི་སྐུ་དང་གཟུངས་ལ་འབད་ན་འབྱོར་ལྡན་ཞིག་ཏུ་སྐྱེ་བར་བཤད། དཔེར་ན་སྨེ་ཕྲེང་གསུམ་པའི་མེ་ཁྱི་གནམ་ལོར་ཤར་དུས་རང་ལོ་ཉེར་ལྔར་སོན་པའི་བརྩི་བྱ་དག་གི་སྐྱེས་སྨེ་འཚོལ་བར་ཆ་བཞག་ན། ཉེར་ལྔར་དགུས་བགོས་པའི་ལྷག་མ་བདུན་ཡིན་པས། གནམ་སྨེ་གསུམ་མཐིང་སྟེང་ནས་མར་ལུགས་འབྱུང་ལ་བགྲངས་པའི་བདུན་པ་དགུ་དམར་ནི་སྐྱེས་སྨེ་ཡིན་པ་ལྟ་བུའོ། བདུན་པ་དགུ་དམར་ནི་སྐྱེས་སྨེ་ཡིན་པ་ལྟ་བུའོ། ས་པའི་བདུན་པ་དགུ་དམར་ནི་སྐྱེས་སྨེ་ཡིན་པ་ལྟ་བུའོ།
Domain རྩིས་རིག

{{#arraymap:སྐྱེས་སྨེ་

|; |@@@ | | }}