96064

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྒོམ་ཆེན་བརྒྱ་རྩ་བརྒྱད་ (1)
Part of speech མིང་ཚིག
Definition རྙིང་མ། སྒོམ་ཆེན་བརྒྱ་རྩ་བརྒྱད་ནི། ལྷ་རྗེ་ཟུར་པོ་ཆེའམ་ཟུར་པོ་ཆེ་ཤཱཀྱ་འབྱུང་གནས་ཀྱི་སློབ་མ་གྲགས་ཆེ་བའི་གྲས་ཏེ། བསྟན་པའི་སྙིང་པོ་གསང་ཆེན་སྔ་འགྱུར་ངེས་དོན་ཟབ་མོའི་ཆོས་ཀྱི་བྱུང་བ་གསལ་བར་བྱེད་པའི་ལེགས་བཤད་མཁས་པ་དགའ་བྱེད་ངོ་མཚར་གཏམ་གྱི་རོལ་མཚོ་ལས། བྲུ་སྒོམ་སྦ་འགྱིང་། ཡུལ་སྒོམ་ནག་མོ། ལྕེ་སྒོམ་ཤཱཀ་རྒྱལ། ཟུར་སྒོམ་རྡོར་འབྱུང་། གཡུ་སྒོམ་ཇོ་འབར། སྦ་སྒོམ་བསོད་ནམས་སྙིང་པོ་ལ་སོགས་ཏེ་སྒོམ་ཆེན་བརྒྱ་རྩ་བརྒྱད་དོ། །དེ་ཐམས་ཅད་ཀྱང་ནམ་མཁའ་ལ་འགྲོ་བ་སོགས་རྫུ་འཕྲུལ་ཐོབ་པ་འབའ་ཞིག་ཏུ་གྲགས། ཞེས་གསུངས་སོ། །
Domain ལོ་རྒྱུས།

{{#arraymap:སྒོམ་ཆེན་བརྒྱ་རྩ་བརྒྱད་

|; |@@@ | | }}