96370

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྒྲ་གཅན་ (1)
Part of speech མིང་ཚིག
Definition གཟའི་གཙོ་བོ་སྟོང་པའི་ལུས་ཅན་ཞིག་སྟེ། སྐྱེས་ཁྱིམ་ནག་པ། ཚེས་ཟླའི་དཀྱིལ་འཁོར་ཉིས་བརྒྱ་སུམ་ཅུ་ལ་རྒྱུ་སྐར་འཁོར་ལོ་ལན་གཅིག་འཁོར། དེའི་ལོངས་སྤྱོད་ནི། ཚེས་ཞག་གཅིག་ལ་ཆུ་སྲང་བཅུ་བཞི་དང་མེ་མིག་གི་ཆ་བཅུ་གཉིས། ཉིན་ཞག་གཅིག་ལ་ཆུ་སྲང་བཅུ་བཞི་དང་དབུགས་གཅིག་མེ་མིག་གི་ཆ་ཤས་བཅུ་དགུ་མདའ་འདོད་དྲག་གི་ཆ་ཤས་ཁྲི་གཅིག་དང་སོ་བརྒྱད། ཁྱིམ་ཞག་གཅིག་ལ་ཆུ་སྲང་བཅུ་བཞི་དང་དབུགས་གསུམ་མེ་མིག་ཆ་གཉིས་མདའ་རོའི་ཆ་ང་གསུམ། ཚེས་ཟླ་གཅིག་ལ་ཆུ་ཚོད་བདུན་དང་ཆུ་སྲང་གཉིས་དབུགས་གསུམ་མེ་མིག་གི་ཆ་ཤས་བཅོ་ལྔ་ཡིན་པས་ཕྱོགས་ལོངས་ཆུ་ཚོད་གསུམ་ཆུ་སྲང་སོ་གཅིག་དབུགས་གཅིག་མེ་མིག་གི་ཆ་ཤས་བཅུ་དགུ་ཡིན། གཟའ་དུས་མེ་སྒྲ་གཅན་དང་ཁ་གཏད་དུ་འཆར་བས་དེའི་མཇུག་མའི་ཐ་སྙད་ཐོབ་ཀྱང༌། སྒྲ་གཅན་དངོས་མ་ཡིན་ནོ། །རྩ་གདོང་མཇུག་གསུམ་ཐད་ལའང་ལྟོས།
Domain རྩིས་རིག
Synonyms གཟའ་སྒྲ་གཅན། རཱ་ཧུ་ལ། ཉི་ཟླ་ཟ། སྐབས་གསུམ་འཇིགས་བྱེད། མགོ་ཟླུམ། ཉེ་བར་འཕར་འགྲོ། གཏོང་བྱེད། མཐོ་རིས་སྣང་བྱེད། མཐོ་རིས་གསལ། དྲག་པོའི་གཙུག་རྒྱན། དྲག་པོའི་གཟུགས་ཅན། སྤྲིན་ལས་རྒྱལ། མུན་པ་ཅན། མིག་སྨན་མདོག བྲ་ཉེ་སྐྱེས། གཟའ་ཡི་རྣ་བ་འཛིན། ཟླ་བ་ཟ། ཟླ་བ་འཇོམས། ཟླ་བའི་དགྲ། ལམ་ནག སེང་གེའི་མོའི་བུ། སེང་གེ་རྩེན། སྲིད་གསུམ་རྣམ་རྒྱལ། ཁམས་གསུམ་རྣམ་རྒྱལ། བསོད་ནམས་ལྡན། སྒྲ་གཅན་གྱི་ཕ།

{{#arraymap:སྒྲ་གཅན་

|; |@@@ | | }}