96665

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྒྲུབ་ཆེན་ཆོས་དབྱིངས་རང་གྲོལ་ (1)
Part of speech མིང་ཚིག
Definition ཁོང་ནི་ལྕགས་མདུད་ཉག་རོང་གི་རུས་སྦྲུལ་མདོ་སྦྲ་རྒན་ཚང་སར་འཁྲུངས། པཎ་ཆེན་ཚེ་དབང་མཆོག་གྲུབ་དང༌། ངེས་དོན་པ། ཛཿསྤྲུལ་བསོད་ནམས་རྣམ་རྒྱལ། རྨོག་རྩ་ཆོས་དབྱིངས་རྡོ་རྗེ། བྱ་བྲལ་བ་ནམ་མཁའ་རྡོ་རྗེ་སོགས་བླ་མར་བསྟེན། ཀཿཐོག་པའི་སྔ་སྲོལ་བཀའ་གཏེར་སྤྱི་དང་ཁྱད་པར་རིག་འཛིན་ཀློང་གསལ་སྙིང་པོའི་ཟབ་ཆོས་རྣམས་ཀྱི་དབང་ཁྲིད་མན་ངག་བཅས་པར་གསན། སྐུ་ཚེ་ཧྲིལ་པོར་བྱ་བཏང་རྣལ་འབྱོར་པའི་ཚུལ་གྱིས་སྒྲུབ་བརྒྱུད་བསྟན་པའི་རྒྱལ་མཚན་ནུབ་མེད་དུ་འཛུགས། ཁྱད་པར་ཏྲཾ་མཚོ་ཕུར་བཞུགས་ནས་སྨིན་གྲོལ་སྤྱི་དང་ཞལ་ཁྲིད་སྙན་བརྒྱུད་ཀྱི་གདམས་པའི་མཛོད་སྒོ་ཕྱེས་ནས་སྐལ་ལྡན་གྱི་སློབ་ཚོགས་མང་པོ་འཕེལ་བ་ལས་གཙོ་བོ། སི་ཏུ་ཆོས་ཀྱི་བློ་གྲོས། ཛཿཀ་བསོད་ནམས་དཔལ་ལྡན། ལྷང་བྲག་གྲུབ་ཆེན་པདྨ་བདུད་འདུལ། འཇིགས་མེད་ཡོན་ཏན་མགོན་པོ། ཁྲོམ་དགེ་རྣམ་རྒྱལ་མདོ་སྔགས་བསྟན་འཛིན་སོགས་སློབ་ཚོགས་བསམ་གྱིས་མི་ཁྱབ་པས་ཕྱོགས་ཐམས་ཅད་དུ་ཁྱབ་པར་བྱུང་ངོ༌། །

{{#arraymap:སྒྲུབ་ཆེན་ཆོས་དབྱིངས་རང་གྲོལ་

|; |@@@ | | }}