96906

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྒྲོན་ཤིང་ (1)
Part of speech མིང་ཚིག
Definition ལོ་མང་སྐྱེ་བའི་སྡོང་རིང་ཤིང་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། སྡོང་པོ་སྦོམ་ལ་རིང་ཞིང་འདྲོང་བར་པགས་པ་མཐུག་ཅིང་རྩུབ་པས་བཏུམ་ཞིང་ཡལ་ག་དང་ཡལ་ཕྲན་མང་བ། ལོ་མ་སྔོ་ལྗང་སྐུད་དབྱིབས་སམ་ཕག་སེ་གཤིབ་པ་འདྲ་བར་མཉེན་ཞིང་རྔ་མའི་དབྱིབས་ལྟར་སྐྱེ་བ། གསར་སྐྱེས་ལོ་མ་རྣམས་ལོ་མ་རྙིང་པའི་དབུས་ནས་སྐྱ་ལ་སྤུ་དཀར་འཇམ་པོས་ཁྱབ་སྟེ་སྐྱེ་བ་དང༌། མེ་ཏོག་དམར་སྨུག་འདབ་མ་ལྔ་ལྡན་བརྩེགས་མའི་བང་རིམ་དུ་ཤར་ཞིང༌། འབྲས་བུ་སེར་སྨུག་མང་པོ་གཅིག་གིས་གཅིག་བཏུམ་ནས་ཉ་ཁྲབ་ལྟར་ཆགས་པ། སྨན་དུ་སྦྱར་བྱ་སྡོང་པོ་བཅད་གཏུབ་གང་བདེར་བྱ་བ་དང༌། ཐང་ཆུང་ཤེལ་ཏ་ཞེས་དུས་ངེས་མེད་ལ་ལེན་པ་བཅས། བོད་ཀྱི་ཉིང་ཁྲི་དང༌། སྨན་གླིང༌། སྤོ་བོ། མཚོ་སྣ། སྐྱིད་གྲོང༌། རྫ་ཡུལ་སོགས་ཀྱི་ནགས་ཁུལ་དུ་སྐྱེ་བ་མང༌། སྟོན་དཔྱིད་གང་རུང་དུ་སྡོང་པོ་བཏུས་ཏེ་ཕྱི་ལྤགས་བཤུས་རྗེས་བསྐམས་ནས་སྨན་དུ་སྤྱོད་རྒྱུ། རོ་བསྐ་ལ་མངར་བ། ཞུ་རྗེས་ཁ་བ། ནུས་པ་ཚ་ལ་སྐམ་པས་རླུང་དང་སྐྱ་རྦབ་རིགས་ཀྱིས་ལུས་ཁམས་སྐྲངས་པ་དང༌། ཡན་ལག་དང་རུས་ཚིགས་ལ་ཆུ་སེར་འཁོར་བ། ཆུ་བསགས་པ། གྲང་བའི་ནད་རིགས། རྨ་ཤུ་སོགས་པགས་ནད་ཀྱི་རིགས་དང༌། རླུང་ནད་སོགས་ལ་ཕན་པ་ཡིན།
Synonyms གོར་ཙན་དན། ཐང་མ་སྒྲོན་ཤིང་། ར་སྣ། བཅུད་འཛིན། ཐང་ཆུ་ཤིང་། ཐང་མ་སྒྲོན། མེ་ལྕེའི་ཤིང་། ཤིང་སེར། ཐང་ཁྲག ཤེལ་ཏ། ས་ཡ་བ།

{{#arraymap:སྒྲོན་ཤིང་

|; |@@@ | | }}