96972

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྒྲོལ་མའི་སྒྲུབ་ཐབས་བརྒྱ་དང་བརྒྱད་པ་ (1)
Part of speech མིང་ཚིག
Definition སློབ་དཔོན་ཆེན་པོ་ཙནྡྲ་གོ་མིས་མཛད་པའི་སྒྲོལ་མའི་སྒྲུབ་ཐབས་བརྒྱ་དང་བརྒྱད་པ། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀཱ་ར་ཤྲཱི་ཛྙཱ་ན་དང་། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར། སླད་ཀྱིས་རྒྱ་གར་གྱི་པཎྜི་ཏ་དཱ་ན་ཤཱི་ལ་དང་། བོད་ཀྱི་ལོ་ཙཱ་བ་བློ་གྲོས་གྲགས་པས་བཅོས་ཏེ་གཏན་ལ་ཕབ། བསྟན་འགྱུར་དཔེ་བསྡུར་མ་དེབ་བཞི་བཅུ་པའི་དཀར་ཆག་གི་ཟུར་མཆན་དུ་“ཆོས་ཚན་༢༣༦༥ པ་སྒྲོལ་མའི་སྒྲུབ་ཐབས་བརྒྱ་དང་བརྒྱད་པ་འདི་སྡེ་བསྟན་དཀར་ཆག་ཏུ་སྒྲུབ་ཐབས་རེ་ཆོས་ཚན་རེ་བྱས་ཏེ་བགྲང་འདུག་ཀྱང་འདིར་སྣར་བསྟན་དཀར་ཆག་དང་ཆོས་ཚན་འདིའི་མཚན་བྱང་གི་སྡོམ་ལ་བརྟེན་ནས་ཆོས་ཚན་གཅིག་བྱས་ནས་སྒྲུབ་ཐབས་ཀྱི་རིམ་པ་རྣམས་ས་བཅད་ཀྱིས་གསལ་བར་བྱས་ཏེ་བཀོད་ཡོད། ཞེས་འཁོད་ཀྱང་། སྡེ་བསྟན་དཀར་ཆག་ཏུ་སྒྲོལ་མའི་སྒྲུབ་ཐབས་བརྒྱ་དང་བརྒྱད་པ་ཞེས་བྱ་བ་སློབ་དཔོན་ཆེན་པོ་ཙནྡྲ་གོ་མིས་མཛད་པ། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀཱ་ར་ཤྲཱི་ཛྙཱ་ན་དང་། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར། སླད་ཀྱིས་རྒྱ་གར་གྱི་པཎྜི་ཏ་དཱ་ན་ཤཱི་ལ་དང་། བོད་ཀྱི་ལོ་ཙཱ་བ་བློ་གྲོས་གྲགས་པས་བཅོས་པ་”ཞེས་པ་ལས་ཆོས་ཚན་རེ་རེ་བཞིན་བགྲངས་མི་འདུག་ལ། ཡང་དེ་ཉིད་དུ་རྒྱུད་སྡེ་བཞི་པོ་སྤྱི་དང་འབྲེལ་པ་དང་། ། ཁྱད་པར་སོ་སོའི་སྒྲུབ་ཐབས་སྣ་ཚོགས་པའི། ། གཞུང་ལུགས་ངོ་མཚར་བརྒྱ་ཕྲག་ལྔ་དང་ནི། ། བཅུ་ཕྲུག་བདུན་ལ་གཅིག་གིས་བརྒྱན་པ་བཞུགས། ། ཞེས་རྒྱུད་སྡེ་བཞི་པོ་སྣ་ཚོགས་དང་འབྲེལ་པའི་སྒྲུབ་དཀྱིལ་སོགས་ཀྱི་སྐོར་ལ་ཆོས་ཚན་ལྔ་བརྒྱ་བདུན་ཅུ་དོན་གཅིག་བགྲངས་པའི་ནང་དུ་འདི་ཆོས་ཚན་གཅིག་ལས་བརྩིས་མི་འདུག བསྟན་འགྱུར་རྒྱུད་མུ་པར་བཞུགས།

{{#arraymap:སྒྲོལ་མའི་སྒྲུབ་ཐབས་བརྒྱ་དང་བརྒྱད་པ་

|; |@@@ | | }}