9698

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཟུགས་ (1)
Part of speech མིང་ཚིག
Definition མདོ། མངོན་པ། གཟུགས་ཅན་བཅུའི་ནང་ཚན་དུ་གྱུར་པའི་གཟུགས། མཚན་ཉིད་ནི། རེག་པས་གནོད་པ་བྱར་རུང་བའོ། །དེའི་དོན་ནི། རེག་པའམ་བཅད་པས་རྒྱུན་གྱི་ཁྱད་པར་གཞན་དུ་འགྱུར་བའོ། །འདོད་ཁམས་ཀྱི་གཟུགས་ལ་ནི་རེག་པས་རྒྱུན་ཡོངས་སུ་འགྱུར་བའི་གནོད་པ་ཡོད་ལ། བསམ་གཏན་དང་པོ་གསུམ་གྱི་སྣོད་ཀྱི་གཟུགས་ལ་ནི་མེ་ཆུ་རླུང་གསུམ་གྱི་གནོད་པ་ཡོད་ཅིང། དེའི་མཐུས་ནང་གི་གཟུགས་ལ་ཡང་གནོད་པར་འགྱུར་རོ། །བསམ་གཏན་བཞི་པའི་གཟུགས་ནི། གནོད་པ་བྱར་རུང་དང་རིགས་གཅིག་པས་གཟུགས་སུ་བཞག་སྟེ། རིའི་བུད་ཤིང་བཞིན་ནོ། །གཟུགས་ཀྱི་དབྱེ་བ་ནི་རྣམ་པ་གཉིས་ཏེ། ཁ་དོག་དང། དབྱིབས་སོ་ཞེས་ཀུན་མཁྱེན་རོང་སྟོན་གྱི་མངོན་མཛོད་རྣམ་བཤད་ཤེས་བྱ་རབ་གསལ་ལས་སོ། །ཀུན་མཁྱེན་གོ་རམས་པའི་ཇི་སྙེད་ཤེས་བྱའི་སྒོ་འབྱེད་ལས་ནི། གཟུགས་ཀྱི་མཚན་ཉིད་ནི། འབྱུང་གྱུར་གང་ཞིག ། མིག་གི་དབང་པོའི་སྤྱོད་ཡུལ་དུ་གྱུར་པའི་ཕྱི་དོན་ཏེ། མངོན་པ་གོང་འོག་གཉིས་ཀ་ལས་མིག་གི་དབང་པོས་གཟུགས་མཐོང་བའི་དབང་དུ་བྱས་པའོ། །ཀུན་ལས་བཏུས་ལས། དེའི་སྟེང་དུ་རྡུལ་ཕྲ་མོ་དང། རགས་པ་དང། མངོན་པར་སྐབས་ཡོད་པའི་དང། རྣམ་པར་རིག་བྱེད་དང། ནམ་མཁའ་ཁ་དོག་གཅིག་པའོ་སྟེ་ཉི་ཤུ་རྩ་ལྔར་བཤད་དོ། །པན་ཀན་ལས་ནི། ཁ་དོག་དང། དབྱིབས་དང། རྣམ་པར་རིག་བྱེད་གསུམ་དུ་གསུངས་སོ་ཞེས་སོ། ། པཎ་ཆེན་ངག་ཆོས་ཀྱི་ཆོས་མངོན་པ་མཛོད་ཀྱི་སྤྱི་དོན་ལས། དོན་ལྔ་ཡི་ནང་ཚན་དུ་གྱུར་པའི་གཟུགས་དང། གཟུགས་ཀྱི་སྐྱེ་མཆེད་དང། ཁམས་བཅོ་བརྒྱད་ཀྱི་ནང་ཚན་དུ་གྱུར་པའི་གཟུགས་ཁམས་རྣམས་དོན་གཅིག་ཅིང། དབྱེ་ན་སྔོ། སེར། དཀར། དམར། སྤྲིན། དུ་བ། རྡུལ། ཁུག་སྣ། ཉི་མའི་འོད་ཟེར། གྲིབ་མ། སྣང་པ། མུན་པ་སྟེ་ཁ་དོག་གི་གཟུགས་བཅུ་གཉིས་དང། རིང་པོ་དང། ཐུང་ངུ། ལྷམ་པ། ཟླུམ་པ། མཐོ་བ། དམའ་བ། ཕྱ་ལེ་བ་དང། ཕྱ་ལེ་བ་མིན་པའི་གཟུགས་ཏེ་དབྱིབས་ཀྱི་གཟུགས་བརྒྱད་དང་བཅས་པས་ཉི་ཤུ་ཡོད་དོ་ཞེས་སོ། །
Domain ཆོས་ལུགས།

{{#arraymap:གཟུགས་

|; |@@@ | | }}

གཟུགས་ (2)
Part of speech མིང་ཚིག
Definition གཟུགས་སུ་རུང་བའི་དངོས་པོ་རེག་པས་གཟུགས་སུ་ཡོད་པའི་ཆོས་ཏེ། སྒྲ། དྲི། རོ། རེག་བྱ་སོགས་ཀྱི་སྤྱིའི་མིང་། སྟོན་པས། དགེ་སློང་དག ། གཟུགས་སུ་ཡོད་ཅིང་གཟུགས་སུ་རུང་བས་དེའི་ཕྱིར་གཟུགས་ཉེ་བར་ལེན་པའི་ཕུང་པོ་ཞེས་བྱའོ། །ཅིས་གཟུགས་སུ་རུང་ཞེ་ན། ལག་པའི་འདུས་ཏེ་རེག་པས་རེག་ན་ཡང་གཟུགས་སུ་རུང་ངོ་ཞེས་རྒྱས་པར་གསུངས། སློབ་དཔོན་གཟུགས་སུ་རུང་ཞེས་བྱ་བ་ནི་གནོད་པར་བྱར་རུང་ཞེས་བྱ་བའི་ཐ་ཚིག་སྟེ་དང་། གཟུགས་ཀྱི་གནོད་པ་གང་ཞེ་ན་ཡོངས་སུ་འགྱུར་བ་བསྐྱེད་པའོ་ཞེས་གསུངས་སོ། ། བེམ་པོ་རྣམ་གྲངས་ཡིན། དབྱེ་ན། ཕྱི་གཟུགས་དང་ནང་གཟུགས་གཉིས་སོ། །

{{#arraymap:གཟུགས་

|; |@@@ | | }}

གཟུགས་ (3)
Part of speech མིང་ཚིག
Definition རྗེ་ཙོང་ཁ་པའི་སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་ལས། གཟུགས་ཀྱི་མཚན་ཉིད། བེམ་པོ་གང་ཞིག ། མིག་གི་དབང་ཤེས་ཀྱི་དངོས་ཡུལ་དུ་གྱུར་པ། གཟུགས་ལ་དབྱེ་ན་དཀར་ནག་སོགས་ཁ་དོག་གི་གཟུགས་དང༌། གྲུ་བཞི་སོགས་དབྱིབས་ཀྱི་གཟུགས་གཉིས། ཞེས་གསུངས།

{{#arraymap:གཟུགས་

|; |@@@ | | }}

གཟུགས་ (4)
Part of speech མིང་ཚིག
Definition མི་སོགས་སྲོག་ཆགས་ཀྱི་ལུས་ཕུང་གི་མིང་སྟེ།
Keyword True
Example ཁོང་གཟུགས་ཆུང་བ་ལ་མ་ལྟོས་པར་སྙིང་སྟོབས་ཆེན་པོ་འདུག་ལྟ་བུ།

{{#arraymap:གཟུགས་

|; |@@@ | | }}

གཟུགས་ (5)
Part of speech མིང་ཚིག
Definition གྲངས་ཀ་གཅིག ལུས་ཀྱི་ཕུང་པོར་གྲུབ་པའི་གཟུགས་ནི་གཅིག་ཡིན་པས་སོ། །
Type མངོན་བརྗོད།

{{#arraymap:གཟུགས་

|; |@@@ | | }}

གཟུགས་ (1)
Part of speech བྱ་ཚིག
Definition འཛུགས་ཀྱི་མ་འོངས་པ།
Keyword True
Transitive བྱ་བྱེད་ཐ་དད་པ།
Future [གཟུགས།]
Present [འཛུགས།]
Past [བཙུགས།]
Imperative [ཚུགས།]

{{#arraymap:གཟུགས་

|; |@@@ | | }}